མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པ་ནོན་གྱི་ཙུང་ཐུང་གིས་སི་རི་ཡའི་གདོང་ཐུག་གིས་ལི་པ་ནོན་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་ཅེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-29 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས24ཉིན། ལི་ཁ་ནོན་གྱི་ཙུང་ཐུང་སུ་ལེ་མན་གྱིས་པེ་ལུ་ཐེར། སི་རི་ཡའི་ཉམས་ཉེན་གྱིས་ལི་པ་ནོན་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད་པ་དང་། རྒྱལ་དམངས་ཀྱིས་སི་རི་ཡའི་གདོང་ཐུག་ནང་མི་ལྷུང་བ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད། སུ་ལེ་མན་གྱིས། ལི་པ་ནོན་གྱི་འགོག་རྒོལ་ལས་འགུལ་སོགས་ཤོག་ཁག་གིས་ལི་པ་ནོན་རྒྱལ་ནང་གི་ཟིང་འཁྲུག་ནང་མི་ཚུད་པ་བྱེད་དགོས་པའམ་སི་རི་ཡའི་གདོང་ཐུག་ལ་ཐེ་ཇུས་མི་བྱེད་པའི་རེ་འབོད་གནང་བ་དང་། ཁོང་གིས། འགོག་རྒོལ་ལས་འགུལ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་བཞག་ཆེད་འཐབ་རྩོད་བྱེད་མཁན་ཞིག་ཡིན་པ་ལས་ཆོས་ལུགས་ཤོག་ཁག་གི་ཁེ་ཕན་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་མིན་ཞེས་བསྐྱར་བཤད་གནང་ཡོད་པ་རེད།

སི་རི་ཡ་སྲིད་གཞུང་ལ་ཕྱོགས་ཞེན་བྱེད་མཁན་ཏི་ལི་པོ་ལིའི་མུ་ཧྭ་ཤིན་ཧྲན་ས་ཁུལ་གྱི་ཨ་ལ་ཝེ་ཤོག་ཁག་གི་དྲག་ཆས་པ་དང་། སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཐ་པ་ན་མོན་ས་ཁུལ་གྱི་ཤུན་ཉི་ཤོག་ཁག་གི་དྲག་ཆས་པའི་བར་སྤྱི་ཚེས19ཉིན་གྱི་དགོང་མོ་དྲག་པོའི་གདོང་ཐུག་ཤོར་བ་དང་། མིག་སྔའི་བར་མི20ལྷག་རྐྱེན་ལམ་དུ་ཤོར་ཟིན་པ་དང་། མི160ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག