མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་རྩ་བའི་ཆ་ནས་རེ་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-29 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་ངོ་རྒོལ་ཤོག་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་ཞེས་པའི་ཨུ་ཡོན་ས་ཧྥེས་སྤྱི་ཟླ5བའི་ཚེས26ཉིན། རྒྱལ་ཡོངས་མནའ་འབྲེལ་གྱིས་རྩ་བའི་ཆ་ནས་རེ་ནི་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་རྒྱུའི་མོས་མཐུན་བྱས་ཡོད། འོན་ཀྱང་སི་རི་ཡའི་ཙུང་ཐུང་པ་ཧྲར་གྱིས་སྲིད་དབང་དོར་རྒྱུ་ནི་ཆབ་སྲིད་བར་བརྒལ་གྱི་འཆར་གཞི་གང་རུང་ཞིག་ལ་གྲོས་བསྡུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་གསུངས་ཡོད་པ་རེད།

རྒྱལ་ཡོངས་མནའ་འབྲེལ་ཞེས་པས་ཉིན་དེ་གར་དབྱི་སེ་ཐན་པུར་མུ་མཐུད་ནས་ཉིན4པའི་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་བྱས་ནས། རེ་ནི་ཝའི་གྲོས་ཚོགས་ལ་ཞུགས་མིན་དང་འགོ་ཁྲིད་མི་སྣ་གསར་པ་འདམས་པ་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱས་ཡོད་པ་རེད། ས་ཧྥེས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ངོ་རྒོལ་ཤོག་ཁག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བའི་གྲོས་གཞིར་དགའ་བསུ་ཞུ་བའི་རྣམ་པ་བསྟན་གྱི་ཡོད། འོན་ཀྱང་པ་ཧྲར་སྲིད་གཞུང་གིས་སྔར་བཞིན་རང་འགུལ་ངང་དབང་ཆ་དོར་འདོད་བྱེད་པའི་རྣམ་པ་བསྟན་མེད་པ་དང་། ང་ཚོས་སི་རི་ཡའི་སྲིད་དབང་གིས་རེ་ནེ་ཝའི་གྲོས་ཆོད་དང་ལེན་བྱེད་པ་དེ་སྒྱུར་བཅོས་ཀྱི་སྒྲོམ་གཞིར་བརྩི་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་སྟེ། བར་བརྒལ་སྲིད་གཞུང་འཛུགས་པ་མ་ཟད་དམངས་གཙོར་འགྱུར་བ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག