མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཆོའོ་ཞ་ཁྲེས་ལྗར་པན་དུ་བཅའ་སྡོད་ཨ་རིའི་དམག་གིས་འདོད་སྲེད་བེད་སྤྱོད་གཏོང་བའི་གྲོས་འགོ་བཏོན་པར་དགོངས་དག་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-29 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་འུན་ཤིང་ཚོགས་པའི་ཐུན་མོང་ཏང་གི་འགོ་གཙོ། ཏ་པན་གྲོང་ཁྱེར་གྱི་གྲོང་སྤྱི་ཆོའོ་ཞ་ཁྲེས་སྤྱི་ཟླ5བའི་ཚེས24ཉིན། ཁོང་གིས་ཁྲུང་ཧྲེན་དུ་བཅའ་སྡོད་ཨ་རིའི་དཔོན་དམག་གིས་འདོད་སྲེད་ལས་རིགས་བེད་སྤྱོད་གཏོང་རྒྱུའི་གྲོས་འགོ་བཏོན་པའི་གནད་དོན་དེའི་ཐད་ཁོང་གིས་སྐབས་དེ་དུས་སྐད་ཆ་བཤད་སྟངས་འགྲིག་མེད་པ་དང་། ཨ་རིའི་མི་དམངས་དང་ཨ་རིའི་དམག་ལ་དགོངས་དག་ཞུ་དགོས་པ་ཞིག་ཡིན་ཞེས་བསྟན།

ཆོའོ་ཞ་ཁྲེས། འདི་ཟླའི་ཟླ་སྟོད་དུ་ཁོང་གིས་ཁྲུང་ཧྲེན་དུ་བཅའ་སྡོད་ཨ་རིའི་དམག་གི་ཕུ་ཐན་ཅན་རྟེན་གཞིར་རྟོག་ཞིབ་བྱེད་སྐབས། ཨ་རིའི་དམག་གིས་འདོད་སྲེད་ལས་རིགས་བེད་སྤྱོད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། དེ་ནི་གཙོ་བོ་ཨ་རིའི་དམག་མི་ཁག་ཅིག་གིས་ཁྲུང་ཧྲེན་རྗོང་གི་གྲོང་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩན་གནོད་བྱས་པའི་རྐྱེན་གྱིས་ཡིན། དེར་བརྟེན་ཁོང་གིས་ཨ་རིའི་དམག་གིས་བྱ་སྤྱོད་ལ་འགྱུར་བ་གཏོང་དགོས་པའི་འགྲོ་བཏོན་ཡོད། འོན་ཀྱང་ཁོང་གིས་ཚིག་བེད་སྤྱོད་བཏང་སྟངས་ནོར་བ་དང་། སྐད་ཆ་བཤད་སྟངས་འགྲིག་མེད་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག