མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་རྒྱལ་དམངས་ཚོགས་ཆེན་ཏང་གི་འགོ་ཁྲིད་པའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཕོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-29 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དབུས་རྒྱུད་ཀྱི་ཆ་ཏེ་སེ་ཅར་མངའ་སྡེའི་རྒྱལ་དམངས་ཚོགས་ཆེན་ཏང་གི་འགོ་ཁྲིད་པའི་རླངས་འཁོར་རུ་ཁག་ལ་ན་སར་ཤོག་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པའི་འཇབ་རྒོལ་ཕོགས་ཡོད་པ་དང་། མངའ་སྡེ་དེའི་རྒྱལ་དམངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཚུད་པའི་མི25མེ་མདའ་རྒྱག་རེས་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེ་མིན་མི32ལ་རྨས་སྐྱོན་ཕོགས་ཡོད་པ་རེད།

རྒྱ་གར་གྱི་ཙུང་ལི་ཤིན་གེ་དང་རྒྱལ་དམངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཀན་ཏི་ཡིས་སྤྱི་ཟླ5བའི་ཚེས26ཉིན་ལེ་ཕུར་དུ་སྐྱོད་ནས་རྨས་མར་གཟིགས་གནང་ཡོད་པ་མ་ཟད། ད་རེས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་ཡོད་པ་རེད། རྒྱ་གར་ན་སར་ཤོག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ནི་སྤྱི་ལོ1967ལོར་བཙུགས་ཡོད་པ་དང་། ད་ལྟ་ཁོངས་མི7000ལྷག་ཡོད། རྟག་ཏུ་ནགས་ཚལ་དང་ཐག་རིང་ས་ཁུལ་དུ་རྒྱ་གར་གྱི་བདེ་འཇགས་དཔུང་སྡེ་དང་ཉེན་རྟོགས་པར་འཇབ་རྒོལ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག