མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱིས་འཇར་པན་བར་གྱི་བདེ་སྲུང་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-29 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དུ་འཚམས་འདྲི་བྱེད་བཞིན་པའི་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་སྤྱི་ཟླ5བའི་ཚེས28ཉིན་ཏུང་ཅིན་ནས་བསྟན་དོན། རྒྱ་གར་དང་འཇར་པན་གྱིས་ཆབ་སྲིད་དང་བདེ་འཇགས་འགན་སྲུང་ཁྱབ་ཁོངས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིན་ཀི་ཡིས་ཉིན་དེར་འཇར་པན་དམངས་ཁྲོད་ཕྱི་འབྲེལ་སྐུལ་འདེད་ཚོགས་པར་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱ་གར་དང་འཇར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཆེད། ངེས་པར་དུ་འཇར་པན་བར་གྱི་ཆབ་སྲིད་དང་བདེ་འཇགས་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། དམག་དོན་སྦྱོང་བརྡར་དང་དམག་དོན་ལག་རྩལ་མཉམ་ལས་རྒྱ་བསྐྱེད་དགོས། དེ་ལས་གཞན་རྒྱ་མཚོའི་བདེ་འཇགས་འགན་སྲུང་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཡིན་པ་དང་། རྒྱ་གར་གྱིས་འཇར་པན་བར་མཉམ་ལས་བྱས་ཏེ། རྒྱ་མཚོའི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཞིན་ཀི་ཉིན་དེར་འཇར་པན་དཔལ་འབྱོར་ཚོགས་ཁག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གུང་ཚིགས་གསོལ་སྟོན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། འཇར་པན་ཁེ་ལས་ཀྱིས་རྒྱ་གར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་གཏོང་བར་དགའ་བསུ་ཞུས་པ་དང་། འཇར་པན་གྱི་ཁེ་ལས་དྷི་ལེ་དང་མིན་མེད་ཀྱི་ཐོན་ལས་ཆེན་མོའི་འཆར་གཞིའི་ནང་ཞུགས་པར་གདན་ཞུ་བྱས་པ་ཡིན་ཟེར།

ཉིན་དེའི་དགོང་མོར་ཞིན་ཀི་ད་རུང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་སྤེལ་བའི་དགོང་ཚིགས་གསོལ་སྟོན་ཚོགས་འདུར་ཞུགས།

ཞིན་ཀི་ཡིས་ཚེས27ཉིན་ནས་བཟུང་འཇར་པན་དུ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཚེས29ཡི་ཉིན་ཞིན་ཀི་ཡིས་ཨན་པའེ་ཅིན་སན་དང་གྲོས་མོལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག