མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཏ་ཅི་སི་ཐན་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་ཤི་རྨས་བཟོས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-26 10:55

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ཏ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནང་སྲིད་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ལྟེ་གནས་གྲོང་ཁྱེར་མ་ཧ་ཆི་ཁ་ལ་རུ་ཡོད་པའི་ནང་སྲིད་པུའུ་ཡི་ཐོག་ཁང་ཆེན་མོའི་ཉེ་འདབས་སུ་ཉིན་དེར་རང་སྲོག་བཅད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། འཇབ་རྒོལ་པ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་རྨས་ཕོག་ཟེར།

    ས་དེའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པཔ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ནང་སྲིད་པུའུ་ཐོག་ཁང་ཆེན་མོའི་ཉེ་འདབས་ནས་རླངས་འཁོར་ཞིག་ལ་ཞིབ་བཤེར་བྱེད་སྐབས། བུད་མེད་ཁ་ལོ་བས་འགད་རྫས་བཀད་དེ་ཚེ་ལས་འདས་པ་དང་། འགས་གཏོར་ཁྲོད་ནས་ཉེན་རྟོག་པ་ལྔ་དང་མི་སེར་དྲུག་ལ་རྨས་ཕོག་པ་མ་ཟད། ཉེན་རྟོག་པ་ཞིག་གི་རྨས་ཧ་ཅང་ལྗིད་ཟེར།

    མ་ཧ་ཆི་ཁ་ལ་གྲོང་ཁྱེར་གྱི་ཁྲིམས་སྲུང་ཉེན་རྟོག་ཐོག་ཁང་ཆེན་མོའི་ཉེ་འདབས་ནས་ཀྱང་ཚེས་ཉི་ཤུ་ཉིན་འགས་གཏོར་དོན་རྐྱེན་གཉིས་བྱུང་ནས། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་ལྔར་རྨས་ཕོག ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་འགས་གཏོར་དེ་ནི་འཇིགས་སྐུལ་དོན་རྐྱེན་ཡིན་པར་གཏན་ཁེལ་བྱས།

    ཏ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སིའི་ཀའོ་ཅ་སོ་བྱང་མ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་གཏོགས། ས་ཁུལ་དེ་རུ་ཁྲིམས་འགལ་དྲག་ཆས་མི་སྣ་མང་བོ་ཡོད་ལ། དྲག་ཤུགས་དང་འཇིགས་སྐུལ་དོན་རྐྱེན་མང་བོ་འབྱུང་བཞིན་ཡོད། ཉེ་བའི་ལོ་འགར་ཨུ་རུ་སི་སྲིད་གཞུང་གིས་ས་དེའི་ཁྲིམས་འགལ་དྲག་ཆས་མི་སྣ་ཆམ་ཕབ་དྲག་པོ་བཏང་ནའང་། དྲག་ཤུགས་དང་འཇིགས་སྐུལ་དོན་རྐྱེན་ད་དུང་མཚམས་ཆད་མེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག