མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཁྲའོ་ཞན་གྱིས་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་པར་དགའ་བསུ་ཞུས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  2013-05-25 12:01

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིནལྟར། འཇར་པན་གྱི་ནེ་ཀིའི་མགྲིན་ཚབ་པ་ཅན་དབྱེ་ཝེ་ཡིས་ཚེས24ཉིན་གྱི་སྔ་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁྲའོ་ཞན་གྱིས་འབྲེལ་ཡོད་རྒྱལ་ཁབ་བར་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་བཟང་བོ་བསྟན་པར་དགའ་བསུ་ཞུས། ཅན་དབྱེ་ཝེ་ཡིས་བཤད་རྒྱུར། ཁྲའོ་ཞན་གྱིས་དཀྲུག་འཕེན་བྱ་སྤྱོད་མཚམས་བཞག་སྟེ་གྲོས་མོལ་བྱེད་འདོད་པའི་རྣམ་འགྱུར་བསྟན་པ་ནི་དགའ་འོས་པའི་སྣང་ཚུལ་ཞིག་ཡིན་པ་དང་། ང་ཚོས་མུ་མཐུད་དུ་གནད་དོན་དེར་དོ་སྣང་བྱེད་རྒྱུ་ཡིན་ཟེར། ཅན་དབྱེ་ཝེ་ཡིས་ད་རུང་ནན་གྱིས་བསྟན་དོན། འཇར་པན་གྱིས་ནམ་ཡང་གྲོས་མོལ་གྱི་སྒོ་གླེགས་ཡངས་པོར་ཕྱེས་ཡོད་ཅིང་། གྲོས་མོལ་བྱེད་དགོས་ན་སྔོན་འགྲོའི་ཆ་རྐྱེན་ནི་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐད་བྱེ་བྲག་གི་འགུལ་སྐྱོད་སྤེལ་དགོས་ཟེར། དེ་ལས་གཞན་ཅན་དབྱེ་ཝེ་ཡིས་ད་རུང་བསྟན་དོན། གང་ལྟར་ཀྱང་འཇར་པན་གྱིས་ཨ་མེ་རི་ཁ་དང་ཧན་གོ་སོགས་འབྲེལ་ཡོད་རྒྱལ་ཁབ་བར་མཉམ་ལས་བཟང་བོ་བྱེད་རྒྱུ་ཡིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག