མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བཟོས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-25 12:00

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཚེས24ཉིན་རྒྱལ་ས་ཁཱ་པོར་གྲོང་ཁྱེར་ལྟེ་གནས་སུ་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་ཟེར།

ཁཱ་པོར་ཉེན་རྟོག་པའི་སྤྱི་ཁྱབ་ལྟ་སྐུལ་བས་བདེན་དཔང་བྱས་པ་ལྟར་ན། ཁཱ་པོར་གྲོང་ཁྱེར་ལྟེ་གནས་སུ་ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བཅུ་ཡས་མས་སུ་འཇིགས་སྐུལ་རིང་ལུགས་ཀྱིས་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་དང་། འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་སྤྱི་བའི་བདེ་འཇགས་ཉེན་རྟོག་དམག་དཔུང་ཡིན་ཡང་། འཇབ་རྒོལ་བྱེད་སའི་ས་ཁོངས་དེར་རྒྱལ་སྤྱིའི་ལས་ཁུངས་མང་བོ་ཡོད་པ་དང་། ཉེ་འདབས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་སྡོད་ལས་ཁུངས་ལའང་འགས་གཏོར་གྱི་གནོད་པ་ཐེབས་ཡོད། འཇིགས་སྐུལ་ཉེས་ཅན་གྱིས་དེའི་རྗེས་སུ་ས་དེའི་ཉེན་རྟོག་པའི་བར་འཁྲུག་རྩོད་བྱས་པ་དང་། མིག་སྔར་ཉུང་མཐར་ཡང་ཉེན་རྟོག་པ་གཅིག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

འགས་གཏོར་དོན་རྐྱེན་བྱུང་ནས་དུས་ཚོད་གཉིས་འགོར་རྗེས། ཐཱ་ལེ་པན་གྱིས་ཐེངས་འདིའི་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག