མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇི་རྒྱལ་ཁབ་ཀྱིས་ལོན་ཏོན་དམར་གསོད་གྱོད་གཞིའི་གནོད་ཐེབས་མཁན་གྱི་ཐོབ་ཐང་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-24 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོན་ཏོན་ཉེན་རྟོག་ཅུའུ་ཡིས་སྤྱི་ཟླ5བའི་ཚེས23ཉིན་བདེན་དཔང་བྱས་དོན། ཚེས22ཉིན་གྱི་ཕྱི་དྲོར་ལོན་ཏོན་ཤར་ལྷོའི་ས་ཁུལ་དུ་བྱུང་བའི་དམར་གསོད་གྱོད་གཞིའི་གནོད་ཐེབས་མཁན་ནི་དམག་དཔུང་གི་དམག་མི་ཞིག་ཡིན་ཟེར།

དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། གནོད་ཐེབས་མཁན་གྱི་མིང་ལ་ལིས་ཀི་པུས་ཟེར་བ་དང་། དབྱིན་ཇིའི་དམག་མི་ཞིག་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་ལོན་ཏོན་ཤར་ལྷོའི་ཕྱོགས་ཀྱི་བུའུ་ཨར་ཝེ་ཆི་ས་ཁུལ་གྱི་དམག་སྒར་ཞིག་གི་ཕྱི་རོལ་དུ་ཡོད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དམར་གསོད་དོན་རྐྱེན་དེ་ནི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས། ཁོས་བཤད་རྒྱུར། ང་ཚོའི་བློ་སྤོབས་ཅན་གྱི་དམག་མི་ཞིག་ཤོར་བ་དང་། དམར་གསོད་མཁན་གྱིས་ང་ཚོའི་ཐོན་སྐྱེད་ཁ་བྲལ་དུ་གཏོང་རྩིས་ཡིན་ཡང་། དོན་དེ་འདྲ་ལས་ང་ཚོ་སྔར་ལས་མཐུན་སྒྲིལ་དང་སྔར་ལས་སྟོབས་ལྡན་དུ་གཏོང་སྲིད། དབྱིན་ཇི་རྒྱལ་ཁབ་ཀྱིས་དྲག་ཤུགས་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་ཆམ་ཕབ་བཏང་སྟེ། ང་ཚོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར།

ཁཱ་མེ་ལུང་གིས་ཉིན་དེར་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཉེན་རྟོག་ཕྱོགས་ཀྱི་གྱོད་དོན་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ནེ་ཀིའི་ཁོངས་མི་དང་མཉམ་དུ་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས།

དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱེད་སྐབས་རྨས་སྐྱོན་ཕོག་ནས་མིག་སྔར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གཉིས་ཀྱི་ཐོབ་ཐང་ཁྱབ་སྒྲོག་མ་བྱས་ཀྱང་། དབྱིན་ཇིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོགས་ཡོད་ཉེས་ཅན་གཅིག་གི་མིང་ལ་ཨ་ཏི་པོ་ལཱ་ཅེ་ཟེར་ཞིང་། ནེ་ཀྲི་རི་ཡཱའི་མི་རྒྱུད་ཀྱི་དབྱིན་ཇི་བ་ཞིག་ཡིན་པ་དང་། སྔོན་ཆད་ཡེ་ཤུའི་ཆོས་ལུགས་ལ་དད་པའི་ཁྱིམ་ཚང་ཞིག་ནས་སྐྱེས་ཀྱང2011ལོར་དབྱི་སི་ལན་ཆོས་ལུགས་ལ་སྐྱབས་སུ་སོང་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག