མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་བྱང་ཁོ་རེ་ཡའི་ཐུན་མོང་བསྒྲགས་གཏམ་སྤེལ་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཁོ་རེ་ཡས་སྤྱི་ཟླ5བའི་ཚེས22ཉིན་ལྷོ་ཁོ་རེ་ཡའི་ཕྱོགས་ལ་མཉམ་དུ་ལྷོ་བྱང་ཁོ་རེ་ཡའི་ཐུན་མོང་བསྒྲགས་གཏམ་སྤེལ་ནས་ལོ་ངོ13འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ6པའི་ཚེས15ཉིན་གྱི་ཐུན་མོང་བསྒྲགས་གཏམ་ལག་ལེན་བྱེད་མཁན་ལྷོ་ཕྱོགས་ཨུ་ཡོན་ལྷན་ཁང་གིས་བྱང་ཕྱོགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ5བའི་ཚེས22ཉིན་གློག་འཕྲིན་སྤེལ་ནས། ཏན་ཏིག་ངང་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་ལག་ལེན་བསྟར་ཚེ་གཞི་ནས་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་སླར་གསོ་བྱེད་ཐུབ་ཅིང་མི་རིགས་གཅིག་འགྱུར་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཐུབ་ཅེས་བཤད་ཡོད་ཅེས་བཤད་ཡོད་པ་རེད། ལྷོ་ཕྱོགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས། བྱང་ཁོ་རེ་ཡས་ཁེའི་གྲང་དེ་མཉམ་དུ་དྲན་གསོའི་བྱེད་སྒོ་སྤེལ་སའི་གྲས་སུ་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཁེའི་གྲང་བཟོ་ལས་ཁུལ་གྱི་ལས་སྒོ་སླར་གསོ་བྱེད་འདོད་ཡོད་པ་བསལ་བཤད་བྱེད་ཆེད་ཡིན་པའི་ངོས་འཛིན་གནང་བ་དང་། ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་དྲན་གསོའི་བྱེད་སྒོ་དེ་གོ་སྐབས་ལ་བརྩིས་ནས། དམག་དོན་འབྲེལ་གཏུག་སླར་གསོ་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱེད་ཆོག་གི་ཡོད། དེར་བརྟེན་ལྷོ་ཕྱོགས་ཨུ་ཡོན་ལྷན་ཁང་གིས་ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་བྱང་ཁོ་རེ་ཡས་བཏོན་པའི་གྲོས་གཞིར་ལན་ཆ་ཧུར་ཐག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག