མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་མི་མེད་གནམ་གྲུ་བཏང་ནས་ཨ་རིའི་སྤྱི་དམངས4བསད་པ་ཁས་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཁྲིམས་འཛིན་པུའུ་ཀྲང་ཧོར་བདེས་སྤྱི་ཟླ5བའི་ཚེས22ཉིན་རྒྱལ་ཚོགས་ཁང་གི་གྲོས་མི་ཞིག་ལ་སྐུར་བའི་འཕྲིན་ཡིག་ནང་ཡོངས་བསྒྲགས་ཐོག སྤྱི་ལོ2009ལོ་ནས་བཟུང་། ཨ་རི་སྲིད་གཞུང་གིས་མི་མེད་གནམ་གྲུ་བཏང་ནས་ཕྱི་རྒྱལ་དུ་ཨ་རིའི་སྤྱི་དམངས4བསད་པ་ཁས་ལེན་བྱས་ཡོད། དེ་ཡང་ཨ་རི་སྲིད་གཞུང་གིས་ཡོངས་བསྒྲགས་ཐོག་གནས་ཚུལ་དེ་ཁས་ལེན་བྱེད་ཐེངས་དང་པོ་ཡིན་པ་རེད།

ཨ་རིའི་ཙུང་ཐུང་ཨོ་པ་མ་སྲིད་སྟེགས་ཐོག་འཛེགས་རྗེས། ཨ་རི་སྲིད་གཞུང་གིས་ཕྱི་རྒྱལ་དུ་མི་མེད་གནམ་གྲུ་བཏང་ནས་དྲག་ཆས་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ཡོད། འོན་ཀྱང་བྱ་སྤྱོད་དེར་ཁྲིམས་མཐུན་གོ་རིམ་མེད་པའི་རྐྱེན་གྱིས་ཉེས་མེད་མི་སེར་མང་པོ་བསད་རྨས་བཟོས་པ་དང་རྩོད་གཞི་མང་པོ་བསླངས་ཡོད།

ཕོ་བྲང་དཀར་པོས་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་པ་མས་འདི་ཟླའི་ཚེས23ཉིན་ཨ་རིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་ཐད་གཏམ་བཤད་སྤེལ་བ་དང་། གཏམ་བཤད་ཁྲོད་མི་མེད་གནམ་གྲུ་བཏང་བ་དང་ཀོན་ཐ་ན་མོ་བཙོན་ཁང་སྒོ་རྒྱག་རྒྱུ་སོགས་ཀྱི་ནང་དོན་གླེང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག