མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁོ་ལོམ་པི་ཡ་དང་ཁོ་སི་ཐ་རི་ཁས་དངོས་སུ་རང་མོས་ཉོ་ཚོང་ཆོད་ཡིག་ལ་མིང་རྟག་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་ལུམ་པི་ཡའི་ཙུང་ཐུང་སང་ཐོ་སིས་སྤྱི་ཟླ5བའི་ཚེས22ཉིན་འཚམས་འདྲིར་ཕེབས་པའི་ཁོ་སུ་ཐ་རི་ཁའི་ཙུང་ཐུང་ཆིན་ཇི་ལི་ཡ་དང་ཁུ་རིམ་སྦི་ཡའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ག་ལིར་དངོས་སུ་རྒྱལ་ཁབ་གཉིས་པོའི་དབར་གྱི་རང་མོས་ཉོ་ཚོང་ཆོད་ཡིག་ལ་མིང་རྟགས་བཀོད་གནང་ཡོད། སང་ཐོ་སིས་མིང་རྟགས་བཀོད་པའི་མཛད་སྒོའི་ཐོག རང་མོས་ཉོ་ཚོང་ཆོད་ཡིག་དེར་མིང་རྟགས་བཀོད་པ་དེའི་ཐོག་ནས་ཁོ་ལོམ་པི་ཡ་དེ་ཨ་མེ་རི་ཁ་གླིང་དབུས་མ་དང་འབྲེལ་བ་ཟབ་ཏུ་ཕྱིན་པ་མཚོན་པ་དང་དུས་མཚུངས་སུ། ཁོ་སི་ཐ་རི་ཁ་དེ་ཁོ་ལོམ་པི་ཡ་དང་། མོ་ཞི་ཁོ། ཆི་ལི། ཕི་རུ་སོགས་ལས་གྲུབ་པའི་ཞི་བདེ་རྒྱ་མཚོའི་མནའ་འབྲེལ་ནང་ཞུགས་རྒྱུའི་ཐད་གོམ་སྟབས་སྤོས་པ་མཚོན་གྱི་ཡོད་ཅེས་བཏོན་གནང་ཡོད། ཆིན་ཇི་ལི་ཡས་ཨ་མེ་རི་ཁ་གླིང་ལྷོ་མ་དང་དབུས་མའི་ས་ཁུལ་གྱི་དར་རྒྱས་དེ་རྒྱལ་ཁབ་དབར་གྱི་འབྲེལ་བ་དམ་ཟབ་དེར་བརྟན་དགོས་པས། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་ལེན་བྱེད་ཐབས་བྲལ་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག