མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཏུང་ཅན་ཧྭ་ཡིས་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་ཞེས་ནན་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དང་ཨ་རིའི་སྤེལ་རེས་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་གསར་གཏོད་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏུང་ཅན་ཧྭ་ཡིས་སྤྱི་ཟླ5བའི་ཚེས22ཉིན་ཝ་ཤིང་ཏུན་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་མིག་སྔའི་འཛམ་གླིང་ཐོག་གི་གལ་འགངས་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བ་ཡིན་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་རབ་དང་རིམ་པར་ཁ་གཏད་བཅག་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་དངུལ་རྩའི་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད། ཨ་རིའི་གྲགས་ཅན་གྱི་རིག་མཛོད། འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་གྱི་ཞིབ་མཇུག་ལྟེ་གནས་ཀྱིས་སྐོང་འཚོགས་བྱས་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཞིབ་བསྡུར་ཚོགས་འདུའི་ཐོག ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚུའི་ཐན་གེའི་ཡིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་བིང་གིས་ཟླ་བ་རྗེས་མར་ཨ་རིའི་ཙུང་ཐུང་ཨའོ་པ་མའི་དབར་ཨ་རིའི་ཁེ་ལོ་ཧྥུ་ཉི་ཡ་མངའ་སྡེར་གནང་རྒྱུའི་མཇལ་འཛོམས་ལ་གལ་ཆེའི་དོན་སྙིང་ལྡན་ཡོད། དཔལ་འབྱོར་ཉོང་ཚོང་འབྲེལ་བ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གལ་ཆེའི་རྐ་རྟེན་ཡིན་པས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ནུས་རྒྱུ་གཙང་མ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་སོགས་ཁྱབ་ཁོངས་ནང་གི་དེ་བས་མང་བའི་མཉམ་ལས་བར་ཁམས་དང་དེ་བས་མང་བའི་ཁེ་ཕན་འབྲེལ་མཐུད་བྱེད་ས་འཚོལ་ཞིབ་བྱས་སྟེ་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཚོལ་ཞིབ་བྱ་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག