མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཕུ་ལི་ཧོ་ཅི་ཁེ་སྲིད་གཞུང་གི་ཙུང་ལི་གཞོན་པར་བསྐོ་བཞག་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་དྲ་བའི་ཐོག་སྤྱི་ཟླ5བའི་ཚེས22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཉིན་དེ་གར་ཙུང་ལི་མེ་བདེ་འོད་ཅེ་ཧྥུའི་མིང་བཏོན་ལྟར། ཤེ་ཀེར་ཕུ་ལི་ཧོ་ཅི་ཁེ་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་། སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རིན་དུ་བསྐོ་བཞག་གནང་བ་དང་། འདི་ཟླའི་ཟླ་སྟོད་དུ་ལས་གནས་དགོངས་ཞུ་བྱས་པའི་ཧྥོ་ལ་ཅི་སེ་ལ་ཧྥུ་སུར་ཁེ་ཧྥུའི་ཚབ་བྱེད་རྒྱུ་ཡིན་པ་རེད།

ད་ལོ་དགུང་ལོ56ལ་ཕེབས་པའི་ཕུ་ལི་ཧོ་ཅི་ཧྥུས་ཡེ་ལི་ཆིང་དང་། ཕུ་ཅིང་། མེ་བདེ་འོད་ཅེ་ཧྥུ་བཅས་ཀྱིས་ཙུང་ཐུང་གི་འགན་བཞེས་ཚུན་ཙུང་ཐུང་གི་ལས་རོགས་གནང་མྱོང་ཡོད། ད་ལོའི་སྤྱི་ཟླ5བའི་ཚེས8ཉིན། སུར་ཁེ་ཧྥུས་ལས་གནས་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད། ཕུ་ཅིང་གིས་དེ་ཉིན་མིང་རྟགས་བཀོད་པའི་བཀའ་རྒྱར་གཞིགས་ན། སུར་ཁེ་ཧྥུ་རང་འདོད་ལྟར་ལས་གནས་དགོངས་ཞུ་བྱས་ཡོད། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་མགྲིན་ཚབ་པ་ཕེ་སི་ཁེ་ཧྥུས། སུར་ཁེ་ཧྥུ་ལས་གནས་དགོངས་ཞུ་བྱས་པ་དེ་ཁོང་གིས་འགན་འཁུར་བའི་ཙུང་ཐུང་བཀའ་རྒྱ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཕུ་ཅིང་གིས་སྐྱོན་བརྗོད་གནང་བ་དང་འབྲེལ་བ་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག