མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སུས་སི་རི་ཡར་གང་མགྱོགས་དམག་མཚམས་འཇོག་པ་དང་སྐད་ཆ་ཤོད་རེས་བྱེད་འགོ་འཛུགས་དགོས་པའི་འབོད་སྐུལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-24 10:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུས་སྤྱི་ཟླ5བའི་ཚེས22ཉིན་མོ་སི་ཁོར་འཚམས་འདྲིར་ཕེབས་པའི་སི་རི་ཡའི་རྒྱུན་ལས་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་མི་གེ་ཟླ་བདེ་དང་མཇལ་མོལ་གནང་སྐབས། སི་རི་ཡའི་མིག་སྔའི་དུས་བབ་ལ་གཞིགས་ཏེ། འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སི་རི་ཡར་གང་མགྱོགས་དམག་མཚམས་འཇོག་པ་དང་སྐད་ཆ་ཤོད་རེས་བྱེད་འགོ་འཛུགས་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་གཉིས་པོས་གྲོས་མོལ་ནང་གཙོ་གནད་ཐོག་སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་སྐོང་ཚོགས་བྱེད་རྒྱུའི་ཐད་གྲོས་བསྡུར་བྱས་ཡོད་པ་དང་། ལ་ཧྥུ་ལོ་ཧྥུས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དྲག་ཤུགས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་རྒྱུའི་འདོད་ཚུལ་འཛིན་མཁན་གྱི་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་གནོན་ཤུགས་སྤྲད་དེ། སི་རི་ཡའི་ཕྱོགས་ཁག་གི་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས་ད་དུང་སི་རི་ཡའི་སྲིད་གཞུང་གིས་ཆབ་སྲིད་ཐབས་ལམ་བརྒྱུད་རང་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་བྱེད་ཕྱོགས་རྒྱུན་འཁྱོངས་གསལ་པོ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

མི་གེ་ཟླ་བདེས་སི་རི་ཡའི་སྲིད་གཞུང་གིས་གང་མགྱོགས་རྒྱལ་ནང་དུ་དྲག་ཤུགས་དང་ཁྲག་དོན་གདོང་གཏུག་མཇུག་སྒྲིལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་བློ་ཕམ་སྐྱེས་དགོས་པ་ཞིག་ནི་མི་ཚང་མས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་རྒྱུའི་རེ་བ་བྱེད་ཀྱི་མེད་ཅེས་བསྟན་པ་དང་། ཁོང་གིས་དུས་མཚུངས་ད་དུང་སི་རི་ཡའི་སྲིད་གཞུང་གིས་ངོ་རྒོལ་ཤོག་ཁག་དང་སྐད་ཆ་བཤོད་རེས་བྱེད་འདོད་ཡོད་པ་བསྐྱར་བཤད་གནང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག