མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨིག་ཁི་ལཱ་ཧི་མཱ་ཀྲིག་གི་རླུང་འཚུབ་དྲག་པོའི་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་སྤྱི་ཟླ5བའི་ཚེས22ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས26ཉིན་ཨིག་ཁི་ལཱ་ཧི་མཱ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཨིག་ཁི་ལཱ་ཧི་མཱ་གྲོང་ཁྱེར་ཉེ་འདབས་ཀྱི་རླུང་འཚུབ་དྲག་པོའི་གནོད་ཐེབས་ས་ཁུལ་དུ་སོང་ནས། གནོད་ཐེབས་གནས་ཚུལ་དང་རོགས་སྐྱོར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་མ་ཟད། ས་དེའི་གནོད་ཐེབས་ཁྱིམ་ཚང་དང་རོགས་སྐྱོར་བྱེད་མཁན་དག་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།

ཁཱ་ནེ་ཡིས་བཤད་རྒྱུར། ཨོ་པཱ་མཱ་ཡིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཨིག་ཁི་ལཱ་ཧི་མཱ་ཀྲིག་སྲིད་གཞུང་ལ་ཐོན་ཁུངས་གང་རུང་འདོན་སྤྲོད་བྱས་ཏེ་ས་དེའི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་མཛུབ་སྟོན་གནང་ཡོད་ཟེར།

ཨོ་པཱ་མཱ་ཡིས་ཚེས21ཉིན་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཨིག་ཁི་ལཱ་ཧི་མཱ་ཀྲིག་གི་རླུང་འཚུབ་དྲག་པོའི་གནོད་འཚེ་ནི་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་གཏོར་བརླག་ཐེབས་ཚད་ཆེས་ཆེ་བའི་རླུང་འཚུབ་དྲག་པོའི་འཇིགས་པ་ཞིག་རེད་ཟེར། ཁོས་ཡིག་ཆར་མིང་བཀོད་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒུད་སྐྱོབ་བྱ་བ་སྤེལ་མགོ་རྩོམ་དགོས་པ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག