མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་དུ་བྱ་བའི་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ5བའི་ཚེས22ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་སྤྱི་ཟླ3པའི་ཚེས23ཉིན་གྱི་འགུལ་སྐྱོད་དང་ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་པས་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་ཅི་བུའུ་བྱང་མ་ཞིང་ཆེན་གྱི་དྲག་ཆས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་དུ་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཞོར་དུ་ཁོས་ད་རུང་བསྟན་དོན། ཁོང་གོ་ཅིན་གྱི་ཙུང་ཐུང་ཁཱ་པུས་ལཱ་ཡིས་དམག་དོན་འགུལ་སྐྱོད་གང་ཡིན་ཡང་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

སྤྱི་ཟླ3པའི་ཚེས23ཉིན་གྱི་འགུལ་སྐྱོད་ཀྱི་མགྲིན་ཚབ་པས་ཚེས22ཉིན་གསར་འགོད་པར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཀི་མཱ་གྲོང་ཁྱེར་དུ་འཚམས་འདྲི་བྱེད་པར་སྟབས་བདེ་བཟོ་ཆེད། སྤྱི་ཟླ3པའི་ཚེས23ཉིན་གྱི་འགུལ་སྐྱོད་ཀྱིས་ཀྱང་ཕྱོགས་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པར་རེ་བ་བྱས་ཡོད་ཟེར། སྤྱི་ཟླ3པའི་ཚེས23ཉིན་གྱི་འགུལ་སྐྱོད་ཀྱིས་ཚེས22ཉིན་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཕྱོགས་སོ་སོས་དངོས་གཞིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པ་དང་། དེ་ཁན་ཕཱ་ལཱ་གྲོས་མོལ་སླར་གསོ་བྱེད་པར་ཕན་པ་ཡོད་པར་མ་ཟད། ཁོང་གོ་ཅིན་གྱི་མི་དམངས་ཀྱིས་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་ཞི་བདེ་བརྩོན་ལེན་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག