མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ལི་པུ་ཡཱ་ལ་རོགས་རམ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-23 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ5བའི་ཚེས22ཉིན་ལི་པུ་ཡཱ་རུ་དམངས་དོན་རོགས་སྐྱོར་མི་སྣ་མངག་གཏོང་བྱས་ཏེ། རྒྱལ་ཁབ་དེས་མཚོ་སྐམ་མཁའ་གསུམ་གྱི་རྒྱལ་མཚམས་དོ་དམ་དང་བདེ་འཇགས་ལ་ཤུགས་སྣོན་པར་རོགས་རམ་བྱེད་རྒྱུ་ཐག་བཅད།

འཆར་གཞི་ལྟར་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་རོགས་སྐྱོར་མི་སྣ་སྤྱི་ཟླ6པ་ནས་བཟུང་རིམ་བཞིན་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཆེས་མང་ན་མི100ལྷག་ཡོད་སྲིད་པ་དང་། ལོ་རེའི་གྲོན་དངུལ་ཡོ་རོབ་གླིང་གི་སྒོར་མོ་བྱེ་བ3ལ་བསླེབ་སྲིད་ཟེར། ཁོི་ཚོའི་ལས་འགན་གཙོ་བོ་ནི་གསོ་སྦྱོང་དང་མཛུབ་སྟོན་བྱས་ཏེ། ལི་པུ་ཡཱའི་དབང་འཛིན་ལས་ཁུངས་ཀྱི་མཐའ་མཚམས་དོ་དམ་བྱེད་པའི་ཚད་གཞི་དང་ཆུ་ཚད་ཇེ་མཐོར་འགྲོ་བར་རོགས་རམ་བྱེད་རྒྱུ་དེ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་བསྟན་དོན། ལི་པུ་ཡཱའི་སྲིད་གཞུང་གིས་རེ་བ་བཏོན་པ་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དམངས་དོན་གྱི་རོགས་སྐྱོར་འགུལ་སྐྱོད་དེ་སྤེལ་རྒྱུ་ཐག་བཅད་པ་ཡིན་ལ། དེ་ལི་པུ་ཡཱ་དང་ཉེ་འཁོར་ས་ཁུལ། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་མཚམས་བདེ་འཇགས་སོགས་ལ་གལ་འགངས་ཧ་ཅང་ཆེ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག