མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་བྱུང་སྟེ་མི་བཅུ་ཕྲག་འགའ་ལ་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་གྱི་ཏི་ལེ་པའོ་ལིའི་རྒྱབ་སྐྱོར་མཁན་དང་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་བར་གྱི་འཁྲུག་རྩོད་སྤྱི་ཟླ5བའི་ཚེས20ཡི་ཉིན་མུ་མཐུད་དུ་སྤེལ་བ་དང་། ཉིན་གཉིས་ཀྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། མི40ལྷག་ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཚེས20ཡི་ཉིན་ཏི་ལེ་པའོ་ལི་ཡི་མུའུ་ཧཱ་ཞིན་རི་ཁུལ་གྱི་སི་རི་ཡཱའི་སྲིད་གཞུང་ལ་བློ་དཀར་པོའི་ཨ་ལཱ་ཝེ་དྲག་ཆས་མི་སྣ་དང་ཐཱ་པཱ་ནཱ་མིན་ས་ཁུལ་གྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཞོན་ནེ་ཕྱོགས་ཁག་གི་དྲག་ཆས་མི་སྣས་མུ་མཐུད་དུ་འཁྲུག་རྩོད་བྱས་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་གིས་བཀའ་བཞིན་འཁྲུག་རྩོད་བྱུང་སར་དམག་མི་མང་བོ་མངག་གཏོང་བྱས་ཏེ་དྲག་ཆས་མི་སྣ་འཛིན་བཟུང་བྱས་ཏེ། ཕྱོགས་ཁག་གཉིས་ཀྱི་དྲག་ཆས་འཁྲུག་རྩོད་ལ་ཕར་རྒོལ་བྱས་པས། དྲག་ཆས་མི་སྣ་རེ་འགས་མེ་མདས་བརྒྱབ་སྟེ་དམག་མི1རྐྱེན་ལམ་དུ་ཤོར་བ་དང་། དམག་མི6དང་མི་སེར་དཀྱུས་མ3ལ་རྨས་ཕོག་ཟེར།

ལེ་པཱ་ནུན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས20ཡི་ཉིན་རྒྱལ་སྲུང་དང་ནང་སྲིད་པུའུ་ཡི་དཔོན་པོའི་གྲོས་ཚོགས་བསྡུས་ཏེ། དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཏི་ལེ་པའོ་ལིའི་བདེ་འཇགས་ལ་གཏོར་བརླག་བྱེད་མཁན་དང་མི་སེར་དཀྱུས་མར་དམིགས་པའི་དྲག་ཆས་ཉེས་ཅན་དག་ཕྱོགས་ཁག་གང་གི་ཡིན་ཡང་ཆམ་ཕབ་དྲག་པོ་གཏོང་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག