མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དབུས་ནུབ་ས་ཁུལ་དུ་དྲག་རླུང་གི་འཇིགས་པ་ཐེབས་ཏེ་མི་བཅུ་ཕྲག་འགའ་ལ་ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཏོར་བརླག་ཚབས་ཆེ་བའི་དྲག་རླུང་གིས་སྤྱི་ཟླ5བའི་ཚེས19ཡི་ཉིན་ཨ་མེ་རི་ཁའི་དབུས་ནུབ་ས་ཁུལ་དུ་འཇིགས་ཉེན་བཟོས་པ་དང་། དེའི་ནང་གནོད་ཐེབས་ཆེས་ཚབས་ཆེ་བ་ནི་ཨིག་ཁི་ལཱ་ཧི་མཱ་ཀྲིག་ཡིན་ཞིང་། མིག་སྔར་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ་དང་། མི23ལ་རྨས་ཕོག་ཡོད། གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། སེར་བ་དང་དྲག་རླུང་གིས་ཚེས20ཡི་ཉིན་མུ་མཐུད་དུ་དབུས་ནུབ་ས་ཁུལ་དུ་འཇབ་རྒོལ་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁའི་ས་ཁུལ་མང་བོས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད།

ཚེས19ཡི་ཉིན་གྱི་དགོང་མོར་ཁན་སཱ་སི་ཀྲིག་དང་། ནེ་པུའུ་ལཱ་སི་ཅཱ་ཀྲིག ཨེ་ཧི་ཧྭ་ཀྲིག མེན་ནེ་སུའུ་ཏཱ་ཀྲིག དབྱེ་ལེ་ནོའུ་སི་ཀྲིག མུས་སུའུ་ལི་ཀྲིག་སོགས་ས་ཆས་ལང་ལོང་སྒོས་དྲག་རླུང་འབྱུང་བའི་ཉེན་བརྡ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག