མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲི་ལིའི་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་ཚད་རིམ6.8ཀྱི་ས་འགུལ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲི་ལིའི་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་སྤྱི་ཟླ5བའི་ཚེས20ཡི་ཉིན་ཚད་རིམ6.8ཀྱི་ས་འགུལ་བྱུང་བ་དང་། ཞི་བདེ་རྒྱ་མཚོའི་རྒྱ་མཚོ་འཕྱུར་བའི་བརྡ་གཏོང་ལྟེ་གནས་ཀྱིས་ཚད་འཇལ་བྱས་པ་ལྟར་ན་ས་འགུལ་དེ་ལས་གཞི་རྒྱ་ཆེ་བའི་རྒྱ་མཚོ་འཕྱུར་བའི་སྣང་ཚུལ་འབྱུང་མི་སྲིད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ས་འགུལ་དེ་ཚེས20ཡི་ཉིན་གྱི་ཞོགས་པའི་དུས་ཚོད5.49ཡི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཨེ་སིན་གྲུ་ཁའི་ནུབ་ངོས་ཀྱི་སྤྱི་ལེ644ཡི་མཚམས་སུ་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ10ཡོད་ཟེར།

ཀྲི་ལིའི་བྲེལ་མྱུར་གནས་ཚུལ་སྡེ་ཁག་གིས་བསྟན་དོན། ་ཐེངས་འདིའི་ས་འགུལ་ལས་མིག་སྔར་ད་རུང་རྒྱ་མཚོ་འཕྱུར་བའི་སྣང་ཚུལ་བྱུང་མེད་ཟེར། སྡེ་ཁག་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། ཀྲི་ལིའི་མངའ་ཁོངས་སུ་ས་འགུལ་གྱི་ཚོར་སྣང་མེད་པ་དང་། ཐེངས་འདིའི་ས་འགུལ་ལ་རྒྱ་མཚོ་འཕྱུར་བའི་ཉེན་ཁ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག