མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གིས་དམག་ཆས་ལྐོག་འཚོང་གྱོད་གཞི་གཉིས་རྩད་ཆོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་སྤྱི་ཟླ5བའི་ཚེས20ཉིན་དམག་ཆས་ལྐོག་འཚོང་གྱོད་གཞི་གཉིས་རྩད་ཆོད་དེ་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་པ་ཁྱབ་སྒྲོག་བྱས།

དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ནང་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཀྱི་ཚན་ཆུང་གཉིས་ཀྱིས་དབྱི་ལིང་ནུབ་ངོས་ཀྱི་ཁིར་མན་ཧྲ་ཨ་ཞིང་ཆེན་དང་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་ནས་དབྱི་ལིང་དབུས་ཕྱོགས་ས་ཁུལ་དུ་དམག་ཆས་སྐྱེལ་འདྲེན་བྱེད་སྐབས་དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་དུས་ཐོག་ཏུ་རྩད་ཆོད་པ་དང་། མེ་མདའ་དང་ལག་འབོམ་སོགས་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཟེར།

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་ལིང་གི་དགྲ་བོས་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོ་ཐོན་ལ་ཉེ་བའི་སྐབས་སུ་གཏོར་བརླག་བྱ་འགུལ་སྤེལ་བར་ཤུགས་སྣོན་བྱས་པ་དང་། དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་ལྐོག་ཇུས་དང་གཏོར་བརླག་གི་བྱ་སྤྱོད་དེ་རིགས་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཟེར།

དབྱི་ལིང་གི་ཙུང་ཐུང་འདེམ་བསྐོ་སྐབས་བཅུ་གཅིག་པ་སྤྱི་ཟླ6པའི་ཚེས14ཡི་ཉིན་སྤེལ་རྒྱུ་ཐག་བཅད་ཡོད་ལ། དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ལོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག