མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི70རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནས་སྤྱི་ཟླ5བའི་ཚེས20ཡི་ཉིན་སྔ་གཞུག་ཏུ་རླངས་འཁོར་འགས་གཏོར་དོན་རྐྱེན་དང་མེ་མདས་བརྒྱབ་པའི་དོན་རྐྱེན་སོགས་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི70རྐྱེན་ལམ་དུ་ཤོར་ཟེར།

དེའི་ནང་འཇབ་རྒོལ་དོན་རྐྱེན་རེ་འགའ་གཟའ་ཟླ་བའི་ཉིན་ལས་ཚོགས་སྐབས་སུ་འདུ་འཛི་ཆེ་བའི་ཚོང་ར་དང་འཚང་ཁ་ཆེ་བའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སུ་བྱུང་བ་རེད།

འཇབ་རྒོལ་དོན་རྐྱེན་ཆེས་མང་བོ་བྱུང་སའི་གྲོང་ཁྱེར་ནི་པཱ་ཀ་ཏཱ་ཡིན་པ་དང་། ཕྱི་རོལ་ཚོང་ར་སོགས་སུ་བསྡོམས་པས་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས10བྱུང་སྟེ། ཉུང་མཐར་ཡང་མི46རྐྱེན་ལམ་དུ་ཤོར་བ་དང་། མི150ལྷག་ལ་རྨས་ཕོག

ཤི་རྨས་ཐེབས་པ་ཆེས་ཚབས་ཆེ་བའི་འགས་གཏོར་དོན་རྐྱེན་ནི་པཱ་ཀ་ཏཱའི་བྱང་ངོས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་འདུས་སྡོད་ས་ཁུལ་ཧྲ་པའོ་ནས་བྱུང་བ་དང་། རླངས་འཁོར་ཞིག་འདུ་འཛི་ཆེ་བའི་ཚོང་ར་ཞིག་ནས་འགས་གཏོར་བཏང་སྟེ། མི13རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁས་ལེན་བྱས་མེད་ཀྱང་། དབྱེ་ཞིབ་མཁན་གྱིས་བཤད་ན་གཞི་རྒྱ་ཆེ་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་རིགས་ལ་རྟེན་གཞི་རྩ་འཛུགས་དབྱི་རག་ཡན་ལག་རུ་ཁག་གི་ཁྱད་ཆོས་མངོན་གསལ་ལྡན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག