མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་མཇལ་སྐོར་བ8དབྱི་རག་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ5བའི་ཚེས20ཡི་ཉིན་བཤད་རྒྱུར། དབྱི་ལིང་གི་མཇལ་སྐོར་བ་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཉིན་དེར་དབྱི་རག་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་དབྱི་ལིང་གི་མཇལ་སྐོར་བ8རྐྱེན་ལམ་དུ་ཤོར་བ་དང་། གཞན་མི19ལ་རྨས་ཕོག་ཟེར།

ཉེན་རྟོག་ཕྱོགས་ཀྱི་མི་སྣས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཉིན་གུང་དབྱི་ལིང་གི་མཇལ་སྐོར་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ80ཡི་མཚམས་སུ་ཡོད་པའི་པེད་ལེ་ཏི་ཉེ་འདབས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དབྱི་ལིང་གི་མཇལ་སྐོར་བ་དེ་དག་གིས་སཱ་མེད་ལཱ་ཧྲི་ཡེ་ཕྱོགས་ཁག་གི་མཇལ་སྐོར་མཇུག་སྒྲིལ་ནས་ཕྱིར་པཱ་ཀ་ཏཱ་རུ་ལོག་བཞིན་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག