མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤྱི་ཟླ5བའི་ཚེས20ཡི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་རྗེས་མའི་ཟླ་མཇུག་ལ་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཐན་ཙན་ནི་ཡཱ་བཅས་ལ་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁས་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་ས་ཁུལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པའི་ཚུལ་སྟོན་རྒྱུ་ཡིན་ཟེར།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་གསལ་སྒྲོག་སྤེལ་ཏེ། སྤྱི་ཟླ6པའི་ཚེས26ཉིན་ནས་སྤྱི་ཟླ7པའི་ཚེས3ཉིན་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས། ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་དཔལ་འབྱོར་འཕར་སྣོན་དང་དངུལ་གཏོང་། ཉོ་ཚོང་བཅས་རྒྱ་བསྐྱེད་པ་བརྒྱུད་ནས་དམངས་གཙོའི་ལས་ཁུངས་ལ་ཤུགས་སྣོན་པ་དང་དངུལ་གཏོང་ཇེ་མང་དུ་བཏང་ནས། རབས་རྗེས་མའི་ཨ་ཧྥེ་རི་ཁའི་མགོ་ཁྲིད་པ་སོགས་ཀྱི་བྱེད་ཐབས་ཐད་ནས་སཱ་ཧཱ་ལཱ་ལྷོ་མའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བར་མཐོང་ཆེན་བྱེད་བཞིན་པ་དམིགས་སུ་བཀར་ནས་ནན་བཤད་བྱེད་རྒྱུ་རེད།

ཨོ་པཱ་མཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་མགོ་ཁྲིད་པར་ཐུག་འཕྲད་བྱེད་པ་ལས་གཞན་ད་རུང་ཉོ་ཚོང་ལས་རིགས་དང་དམངས་ཁྲོད་ཚོགས་ཁག་གི་འགན་ཁུར་བར་གྲོས་མོལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག