མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་དངུལ་ཁང་གི་ཧང་ཀྲང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མཉམ་དུ་ཨ་ཧྥེ་རི་ཁ་གླིང་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-22 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་ཝ་ཧྲིན་ཏོན་དུ་ཡོད་པའི་འཛམ་གླིང་དངུལ་ཁང་གིས་སྤྱི་ཟླ5བའི་ཚེས20ཡི་ཉིན་ཁྱབ་སྒྲོག་བྱས་དོན། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་ཡུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གཉིས་ཀྱིས་གཟའ་འཁོར་འདིའི་ནང་ཨ་ཧྥེ་རི་ཁ་གླིང་གི་མཚོ་ཆེན་ས་ཁུལ་དུ་མཉམ་གཅིག་ཏུ་འཚམས་འདྲི་བྱས་ཏེ། ས་ཁུལ་དེའི་ཞི་བདེའི་འཕེལ་རིམ་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་རེད་ཟེར།

འཛམ་གླིང་དངུལ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཅིན་ཡུང་དང་ཕན་ཅི་བུན་གཉིས་ཀྱིས་སྤྱི་ཟླ5བའི་ཚེས22ཉིན་ནས་ཚེས24ཡི་ཉིན་བར་ཁོང་གོ་ཅིན་དང་རུ་ཝང་ཏཱ། ཝུ་ཀན་ཏཱ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་དག་གིས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་དཀའ་ཁག་རང་བཞིན་ནན་བཤད་བྱས་ཏེ། འཛམ་གླིང་དངུལ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་ཐག་གཅོད་པ་དང་དབུལ་སེལ་ལ་འབད་འབུངས་བྱེད་པའི་ཁས་ལེན་གཙོ་གནད་དུ་འཛིན་པའི་ཆེད་དུ་རེད་ཟེར།

ཅིན་ཡུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་མཚོ་ཆེན་ས་ཁུལ་གྱི་མགོ་ཁྲིད་པ་དག་ནི་ཞི་བདེ་དང་བརྟན་འཇགས། དཔལ་འབྱོར་འཕར་སྣོན་བཅས་ལ་ཡར་སྐུལ་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན་པས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་གིས་མཉམ་ལས་ཟབ་མོ་བྱས་ཏེ། ས་ཁུལ་དེའི་ཞི་བདེ་དང་བདེ་འཇགས་འཕེལ་རིམ་དང་དཔལ་འབྱོར་འཕེལ་རྒྱས་མཉམ་དུ་འཛིན་པར་འགན་སྲུང་བྱས་ན། ཡུན་རིང་གི་ཞི་བདེ་དང་བརྟན་འཇགས་ལ་གལ་འགངས་ཧ་ཅང་ཆེ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག