མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་མཐོ་རིམ་དཔོན་པོས་ཁྲའོ་ཞན་གྱིས་ཐུང་འཕེན་འཕུར་མདའ་འཕངས་པ་བདེན་དཔང་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-19 10:36

རྒྱུ་ཆའི་པར་རིས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཚེས18ཉིན་ཁྲའོ་ཞན་གྱིས་འཇར་པན་རྒྱ་མཚོའི་ལོགས་ནས་ཐུང་འཕེན་འཕུར་མདའ་གསུམ་འཕངས་པ་བདེན་དཔང་བྱས། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། འཕུར་མདའ་དེ་དག་འཇར་པན་གྱི་མཚོ་ཁོངས་ལ་མ་འཕངས་ཟེར།

    དེའི་སྔོན་ལ། ཨ་མེ་རི་ཁ་དང་ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་འཕུར་མདའ་འཕེན་མི་སྲིད་པར་འདོད་ཡོད། ཟླ་ལྔ་བའི་ཚེས་དྲུག་ཉིན་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་མི་སྣས་ཁྲའོ་ཞན་གྱིས་མཚོ་འགྲམ་ཤར་མར་བཀོད་སྒྲིག་བྱས་པའི་འབྲིང་འཕེན་འཕུར་མདའ་གཉིས་པོ་གཏོང་འཕེན་བྱེད་ས་ནས་ཕྱིར་འཐེན་བྱས་པར་བཤད། ཧན་གོ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཀྱང་འབྲིང་འཕེན་འཕུར་མདའ་གཉིས་པོ་གཏོང་འཕེན་བྱེད་ས་ནས་ཕྱིར་འཐེན་བྱས་པ་དེས་ཁྲའོ་ཞན་གྱིས་ད་ལོའི་ཟླ་གསུམ་པའི་ཟླ་སྨད་ལ་འཕུར་མདའ་དང་རྒྱང་འཕེན་མེ་སྒྱོགས་དམག་དཔུང་གིས་དམག་འཁྲུག་གྲ་སྒྲིག་ལས་རེས་བྱེད་པའི་བཀའ་ཁྱབ་དེ་ལག་བསྟར་མ་བྱས་པ་མཚོན་ཡོད་ཅེས་བཤད་མྱོང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག