མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཙུང་ཐུང་གིས་ནུས་ཤུགས་ཡོད་དགུས་བཙན་ཁྲིད་བྱས་པའི་དམག་མི་དང་ཉེན་རྟོག་པ་སྐྱོབ་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-05-18 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་མུའུ་ཨར་ཞི་ཡིས་ཉིན་དེའི་ཞོགས་པར་ཞི་ནཱ་ཕྱེད་གླིང་དུ་བྱུང་བའི་བཙན་ཁྲིད་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་དང་དམག་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། བཙན་ཁྲིད་བྱས་པའི་དམག་མི་དང་ཉེན་རྟོག་པ་བདུན་པོ་གར་ཡོད་འཚོལ་ཞིབ་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། མུའུ་ཨར་ཞི་ཡིས་ཉིན་དེར་རྒྱལ་སྲུང་པུའུ་ཀྲང་སའེ་ཞི་དང་ནང་སྲིད་པུའུ་ཀྲང་དབྱེ་པུའུ་ལཱ་ཞིན་སོགས་དཔོན་པོ་དག་དང་མཉམ་དུ་གྲོས་ཚོགས་བསྡུས་ཏེ་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས། ཙུང་ལི་ཀན་ཏིས་ལེ་ཡིས་ཀྱང་བསྟན་དོན། སྲིད་གཞུང་གིས་དུས་ཡུན་ཐུང་ངུའི་ནང་དམག་མི་དང་ཉེན་རྟོག་པ་བདུན་པོ་སྐྱོབ་རྒྱུ་ཡིན་ཟེར།

ཞི་ནཱ་བྱང་མ་ཞིང་ཆེན་གྱི་བདེ་འཇགས་དཔོན་པོ་ཞིག་གིས་ཉིན་དེའི་སྔ་དྲོར་གསར་འགོད་པར་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཨ་ལི་ཧྲི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡོད་པའི་ས་ཁུལ་དུ་དམག་མི་དང་ཉེན་རྟོག་པ་བདུན་བཙན་ཁྲིད་བྱས། སྐབས་ཐོག་དེར་དམག་མི་དེ་དག་ཨ་ལི་ཧྲི་གྲོང་ཁྱེར་དུ་ལོག་བཞིན་ཡོད་ཟེར།

དཔོན་རིགས་དེས་ད་རུང་བཤད་རྒྱུར། དྲག་ཆས་མི་སྣས་བཙན་ཁྲིད་ལ་བརྟེན་ནས་སྲིད་གཞུང་ལ་གནོན་ཤུགས་བྱིན་ཏེ་བཀག་འཇུག་བྱས་པའི་ཁོ་ཚོའི་གཉེན་ཉེ་ཕྱིར་གཏོང་དུ་འཇུག་འདོད་པ་རེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག