མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཀྲང་མའོ་ལོ་ཡིས་སྤྱི་ཟླ5བའི་ཚེས16ཉིན་པེ་རུ་ཐི་ནས་བསྟན་དོན། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རེ་བ་བཅངས་ཡོད་ཟེར།

ལེ་པཱ་ནུན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མའོ་ལོ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་འགན་ཁུར་ལ་ཡོད་པའི་ཙུང་ལི་སཱ་ལཱ་མུའུ། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་སོགས་སྲིད་གཞུང་གི་དཔོན་པོར་གྲོས་མོལ་བྱས་ཏེ། ཀྲུང་ཏུང་ས་ཁུལ་གྱི་གནས་བབ་དང་། ཁྱད་པར་དུ་སི་རི་ཡཱའི་ཉམས་ཉེན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

མའོ་ལོ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་ཐཱ་ལེ་རྒྱལ་ཁབ་ཀྱི་སི་རི་ཡཱའི་ཉམས་ཉེན་ཐད་ཀྱི་ལངས་ཕྱོགས་ཧ་ཅང་མངོན་གསལ་ཡིན་པ་དང་། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་དེ་ཐག་གཅོད་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་དེང་སྐབས་སི་རི་ཡཱའི་མདུན་དུ་ལྷགས་པའི་རྙོག་འཛིང་གི་གནས་ཚུལ་འོག་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་པར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག