མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐབས་བདུན་པའི་ཀྲུང་གོ་དང་ཨ་རིའི་གྲོང་སྤྱིའི་གྲོས་ཚོགས་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རིའི་གྲོང་ཁྱེར་བར་གྱི་ཉོ་ཚོང་མ་འཇོག་གོ་སྐབས་དང་གང་འདྲ་བྱས་ནས་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བར་གྲོས་མོལ་བྱེད་ཆེད་ཀྱི་སྐབས་བདུན་པའི་ཀྲུང་གོ་དང་ཨ་རིའི་གྲོང་སྤྱིའི་གྲོས་ཚོགས་སྤྱི་ཟླ5བའི་ཚེས14ཉིན་ཨ་རིའི་ལོ་ཧྲེན་ཅིར་སྐོང་འཚོགས་བྱས་ཡོད་པ་རེད།

ད་རེས་ཀྱི་འགོ་གཙོའི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་ཉོ་ཚོང་དང་མ་འཇོག་གོ་སྐབས་ཞེས་པ་དེ་ཡིན། པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི་ཝང་ཨན་ཧྲུན་གྱིས་ཤིས་ཚིག་གསུངས་སྐབས། ཀྲུང་གོ་དང་ཨ་རིའི་གྲོང་སྤྱིའི་གྲོས་ཚོགས་ནི་རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་བར་སྤེལ་རེས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་གྱི་གྲོང་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་བར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། གཉིས་ཕན་གཉིས་རྒྱལ། ཐུན་མོང་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་ཆེད་ཧ་ཅང་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཨ་རིའི་གྲོང་སྤྱིའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ལོ་ཧྲེན་ཅི་གྲོང་ཁྱེར་གྱི་གྲོང་སྤྱི་ཝེ་ལ་ལེ་ག་སག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་དེ་བཞིན་རིག་གནས་དང། དཔལ་འབྱོར། ཚན་རྩལ། མ་འཇོག་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་ཞེས་གསུངས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གཅིག་གི་གྲོས་མོལ་ཁྲོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གྲོང་སྤྱི་དང་ཁེ་ལས་ཀྱི་འཐུས་མིས་འབྲེལ་གཏུགས་བྱས་ནས། ཞིབ་ཕྲའི་གྲོས་གཞིའི་ཐད་གྲོས་མོལ་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག