མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིས་རྒྱལ་ཁབ་སོ་སོས་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཐད་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བདུན་པའི་ཀྲུའུ་ཞི་ཡེ་ལོས་མུས་ཆི་ཡིས་སྤྱི་ཟླ5བའི་ཚེས16ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དུ་འཐབ་ཇུས་དང་བྱེད་ཕྱོགས་གསར་བ་མཉམ་དུ་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་རྒྱུན་མཐུད་འཕེལ་རྒྱས་དང་ནམ་ཟླའི་འགྱུར་ལྡོག་བརྗོད་སྙིང་དུ་བྱས་ཏེ་གྲོས་ཚོགས་བསྡུས། ཡེ་ལོས་མུས་ཆི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དུས་རབས་འདིའི་འགྲན་རྩོད་གཙོ་བོ་ཞིག་ནི་མིའི་རིགས་ཀྱི་འཚོ་སྡོད་རྒྱབ་རྟེན་དུ་གྱུར་བའི་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པའི་གནས་ཚུལ་འོག མི་རབས་འདིར་དབུལ་ཕོངས་སེལ་ནས་འཛམ་གླིང་ཡོངས་ཀྱི་དབུལ་ཕྱུག་གི་བར་ཁྱད་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། མིག་སྔའི་འཕེལ་རྒྱས་རྣམ་པ་དེས་འཛམ་གླིང་ཡོངས་དཀའ་སྡུག་གི་གནས་སུ་ཁྲིད་པ་ལས་འབྱོར་ཕྱུག་དང་སྟོབས་ལྡན་གྱི་ལམ་དུ་ཁྲིད་ཐབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག