མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལེ་ཞི་ཡའི་ཙུང་ལིས་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་རྣམ་པ་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལེ་ཞི་ཡའི་ཙུང་ལི་ན་ཅེ་པུས་སྤྱི་ཟླ5བའི་ཚེས15ཉིན་ཁོང་རང་གི་སྤྱི་འབྲེལ་དྲ་ཚིགས་གི་སྒེར་གྱི་དྲ་ཚུགས་ཐོག་མ་ལེ་ཞི་ཡས་མུ་མཐུད་ཀྲུང་གོའི་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོ་རྒྱག་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

ན་ཅེ་པུས་ཁོང་ནས་མ་ལེ་ཞི་ཡའི་ཙུང་ལིའི་འགན་གནས་བསྟུད་མར་ཐུབ་རྗེས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ལྷག་བསམ་རྣམ་དག་གི་བཀའ་མོལ་ཞུས་པ་དང་། གང་འདྲ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་བྱས།

ན་ཅེ་པུས་མ་ལེ་ཞི་ཡ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་རིང་པོ་ཡོད་པ་མ་ཟད། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ནི་མ་ལེ་ཞི་ཡའི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་གོང་འཕེལ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་དང་ཁོང་གིས་མ་ལེ་ཞི་ཡས་ཁྱོན་ཡོངས་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་མི་རབས་ནས་མི་རབས་བར་ཁྱིམ་མཚེས་རྒྱལ་ཁབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ན་ཅེ་པུས་འགོ་ཁྲིད་གནང་བའི་མ་ལེ་ཞི་ཡའི་རྒྱལ་དམངས་འཐབ་ཕྱོགས་སྲིད་ཏང་མནའ་འབྲེལ་ལ་ཟླ་འདིའི་སྤྱི་ཟླ5བའི་ཚེས5ཉིན་གྱི་འདེམས་བསྐོ་ཆེན་པོའི་ནང་རྒྱལ་ཁ་ཐོབ་ཡོད་ཅིང་། ཁོང་གིས་ཟླ་འདིའི་ཚེས6ཉིན་འགན་བཞེས་དམ་བཅའ་བཞག་ནས་འགན་ཡུན་ཐེངས་གཉིས་པ་བཞེས་འགོ་ཚུགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག