མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་ངོ་རྒོལ་ཏང་གི་ཏང་གཙོས་ཁྲའོ་ཞན་ལ་འཚམས་འདྲི་བྱེད་འདོད་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ངོ་རྒོལ་ཏང་ཁག་གཙོ་བོ་དམངས་གཙོ་ཏང་གི་གཙོ་འཛིན་གསར་བ་ཅིན་ཧན་ཅི་ཡིས་སྤྱི་ཟླ5བའི་ཚེས16ཉིན་བཤད་རྒྱུར། སྲིད་གཞུང་གི་ཆེད་མངག་ཕོ་ཉའི་ཐོབ་ཐང་བཟུང་ནས་ཁྲའོ་ཞན་ལ་འཚམས་འདྲི་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཁའེ་ཁྲིན་བཟོ་ལས་ར་བ་ཡང་བསྐྱར་སྒོ་འབྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་འདོད་ཡོད་ཟེར།

ཉིན་དེར་ཁྲའོ་ཞན་གྱིས་ཧན་གོ་དང་ཨ་མེ་རི་ཁས་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་དབང་གིས་ཁྲའོ་ཞན་ཕྱེད་གླིང་གི་སྤྱི་ཟླ5བའི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

ཅིན་ཧན་ཅི་སྔོན་ཆད་ཐེངས་བཞི་ལ་རྒྱལ་ཚོགས་ཀྱི་གྲོས་མིར་བདམས་པ་དང་། ཟླ་འདིའི་ཟླ་མགོར་དམངས་གཙོ་ཏང་གི་གཙོ་འཛིན་གྱི་འགན་ཁུར། ཁོས་ཚེས16ཉིན་རྒྱལ་ཚོགས་ནས་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱས།

ཅིན་ཧན་ཅི་ཡིས་བཤད་རྒྱུར། གལ་ཏེ་ཧན་གོའི་སྲིད་གཞུང་འཐད་པ་ཡིན་ན། ཁོས་ཧན་གོ་དང་ཁྲའོ་ཞན་བར་ཡིད་ཆེས་ཀྱི་འབྲེལ་ཟམ་འཛུགས་པར་བརྩོན་ལེན་བྱེད་འདོད་ཡོད་པ་དང་། གལ་ཏེ་རང་ཉིད་ཆེད་མངག་ཕོ་ཉའི་ཐོབ་ཐང་གིས་ཁྲའོ་ཞན་ལ་འཚམས་འདྲིར་མངག་ན་ང་རང་འཐད་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག