མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སང་ག་ལཱ་རུ་དྲག་ཆར་བབས་ཏེ་མི7རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སང་ག་ལཱའི་རྒྱལ་ཁབ་གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་སྤྱི་ཟླ5བའི་ཚེས15ཉིན་བཤད་རྒྱུར། སང་ག་ལཱའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཉེ་སྔོན་དྲག་ཆར་བབས་པའི་དབང་གིས་ཉུང་མཐར་ཡང་མི7རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་མ་རྙེད། མི10ལ་རྨས་ཕོག་པ་དང་མི7400ལ་གནོད་འཚེ་ཐེབས་ཟེར།

ལྟེ་གནས་དེའི་མགྲིན་ཚབ་པ་ཁུའུ་མཱ་ལཱ་ཡིས་བཤད་རྒྱུར། ཐེངས་འདིའི་དྲག་རླུང་ལས་ཁྱིམ་ཚང2000ལྷག་ལ་གནོད་པ་ཐེབས་པ་དང་། ཁང་ཤར་སྟོང་ལྷག་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས། མིག་སྔར་གནོད་ཐེབས་མང་ཚོགས་མང་ཤོས་གནས་སྐབས་སུ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་བཀོད་སྒྲིག་ས་ཁུལ་སོ་བཞི་རུ་བསྡད་ཡོད་ཟེར།

ཁུའུ་མཱ་ལཱ་ཡིས་བཤད་རྒྱུར། མ་འོངས་པའི་ཉིན་འགར་ད་རུང་དྲག་ཆར་འབབ་རྒྱུ་ཡིན་པས་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་འབྲེལ་ཡོད་ས་ཁུལ་གྱིས་རི་ཉིལ་བ་དང་འདམ་གསེག་སོགས་གནོད་འཚེ་འབྱུང་བར་དོགས་ཟོན་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག