མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་སག་སི་ཐན་གྱིས་ཧཱ་སག་སི་ཐན་དང་ཨུ་རུ་སིའི་དམག་དོན་ལག་རྩལ་མཉམ་ལས་གྲོས་མཐུན་ལ་ཆོག་མཆན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་སྤྱི་ཟླ5བའི་ཚེས15ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཧཱ་སག་སི་ཐན་དང་ཨུ་རུ་སིའི་སྲིད་གཞུང་གིས་བཀོད་པའི་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་གྲོས་མཐུན་ལ་ཆོག་མཆན་བཀོད།

གྲོས་མཐུན་དེ་ལས་ཧཱ་སག་སི་ཐན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་འཆར་གཞིའི་འབྲེལ་ཡོད་འགྲོ་ལུགས་གཏན་འབེབས་དང་དངོས་འབབ་བྱས། གྲོས་མཐུན་ལས་བཤད་རྒྱུར། ཧཱ་སག་སི་ཐན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་དམག་དོན་ལག་རྩལ་མཉམ་ལས་སྤེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་དྲག་ཆས་སྟོབས་ཤུགས་ལ་བློ་གཏོད་རུང་བའི་དེང་རབས་ཅན་གྱི་མཚོན་ཆ་དང་དམག་དོན་ལག་རྩལག་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ལ་མཚོན་ཆ་ཐོབ་པའི་མྱུར་ཚད་ཇེ་མཐོར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་སྒྲིག་ཆས་ལ་ཞིག་གསོ་དང་དེང་རབས་ཅན་གྱི་བསྒྱུར་བཀོད་བྱེད་པར་སྟབས་བདེ་བཟོ་བ་དང་། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་མཚོན་ཆ་དང་དམག་དོན་ལག་རྩལ་གསར་བ་ཞིབ་འཇུག་གསར་སྤེལ་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད། གྲོས་མཐུན་ལྟར་ན་རྒྱལ་ཁབ་གཉིས་ཀྱིས་ད་རུང་མ་དངུལ་མཉམ་གཏོང་གི་ཁེ་ལས་བཙུགས་ཏེ་མཚོན་ཆའི་ཞིག་གསོ་དང་དམག་དཔུང་གཉིས་ཀྱི་མཚོན་ཆར་དེང་རབས་ཅན་གྱི་བསྒྱུར་བཀོད་བྱེད་པ། དམག་དཔུང་གཉིས་ཀྱི་མཚོན་ཆ་རྙིང་བ་མེད་པར་གཏོང་རྒྱུའི་འཆར་གཞི་ཡོད། རྒྱལ་ཁབ་གཉིས་ཀྱིས་ད་རུང2013ལོ་ནས2015ལོའི་བར་གྱི་ཕྱོགས་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་འཆར་གཞི་གཏན་འབེབས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག