མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱལ་ཁབ་སོ་སོས་ཁྱིམ་ཚང་གི་རབས་བར་གྱི་མཐུན་སྒྲིལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས15ཉིན་ནི་རྒྱལ་སྤྱིའི་ཁྱིམ་གཞིས་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཉིན་དེར་ཞུ་ཚིག་ཕུལ་ཏེ་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དམངས་ཁྲོད་ཚོགས་པ། ཁྱིམ་ཚང་དང་མི་སྒེར་བཅས་ཀྱིས་ཁྱིམ་ཚང་གི་རབས་བར་གྱི་མཐུན་སྒྲིལ་ལ་ཡར་སྐུལ་བྱས་ཏེ་རབས་འགའི་མི་ཡིས་མཉམ་དུ་སྔར་ལས་བཟང་བའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་ཞུ་ཚིག་ཕུལ་སྐབས་བཤད་རྒྱུར། ད་ལོའི་རྒྱལ་སྤྱིའི་ཁྱིམ་གཞིས་ཉིན་མོ་ནི་ཁྱིམ་ཚང་གི་བཟའ་མིའི་བར་གྱི་འབྲེལ་བར་གཟེངས་བསྟོད་བྱེད་པའི་གོ་སྐབས་ཤིག་ཡིན་པར་མ་ཟད། བསམ་གཞིག་གི་གོ་སྐབས་ཤིག་ཀྱང་ཡིན་པས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་སྟངས་ལ་བསམ་གཞིག་བྱས་ཏེ་ཁྱིམ་ཚང་གི་བཟའ་མིའི་བར་གྱི་འབྲེལ་བར་ཡར་སྐུལ་བྱེད་པ་དང་། མི་དམངས་ཀྱིས་ཇི་ལྟར་ཁྱིམ་ཚང་སྐྱོང་བ་སོགས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། དེང་སྐབས་ཁྱིམ་ཚང་མང་བོའི་ན་གཞོན་དག་ལ་ལས་ཀ་མེད་པ་དང་། སྤུས་ལེགས་ཀྱི་བྱིས་བཅོལ་དོ་དམ་ཞབས་ཞུ་དཀོན་པ། རྒན་གསོའི་མ་དངུལ་དང་རྒན་པའི་བདག་སྐྱོང་ཞན་པ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོས་སྲིད་ཇུས་གཏན་འབེབས་བྱས་ཏེ་ཁྱིམ་ཚང་དེ་དག་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག