མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རིག་གནས་ཀྱི་རིན་ཐང་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་པའོ་ཁི་ཝ་ཡིས་སྤྱི་ཟླ5བའི་ཚེས15ཉིན་ཀྲུང་གོའི་ཧང་ཀྲིག་ནས་སྤེལ་བའི་རིག་གནས་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་འགག་ཡིན་ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་དམིགས་འབེན་ཁྲོད་ངེས་པར་དུ་རིག་གནས་ཀྱི་རྒྱུ་ཆ་འདུས་པར་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རིག་གནས་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་འགག་ཡིན་ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཀྲུང་གོའི་ཧང་ཀྲིག་ནས་སྤེལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་རིག་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་ལ་གྲོས་བསྡུར་དང་ནན་བཤད་བྱེད་རྒྱུ་དེ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག