མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཏེ་ཁྲའོ་ཞན་ལ་གནོན་ཤུགས་བྱིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཟླ5བའི་ཚེས15ཉིན་ཁྱབ་སྒྲོག་བྱས་དོན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་ཉིན་དེའི་སྔ་དྲོའི་དུས་ཚོད7ནས་ཕྱི་དྲོའི་དུས་ཚོད5ཡི་བར་ཅི་ཀྲིག་ཤར་ལྷོའི་ཕྱོགས་ཀྱི་སྤྱི་བའི་མཚོ་ཐོག་ནས་མི་ཆོས་རིང་ལུགས་ཀྱི་སྔོག་བཤེར་དམིགས་ཡུལ་དུ་བྱས་པའི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། ཨ་མེ་རི་ཁས་ཧན་གོ་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པར་འཐད་པ་བྱུང་བ་ལས་འཇར་མན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱིས་ཁྲའོ་ཞན་ལ་གནོད་ཤུགས་སྟེར་བའི་ཤུགས་ཚད་ཇེ་ཆེར་བཏང་བ་མཚོན་ཡོད་པར་འདོད།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་མི་ལ་ལས་བལྟས་ན་འཇར་པན་གྱིས་ཉེ་སྔོན་ནོར་འཁྲུལ་གྱི་ལོ་རྒྱུས་ངོས་འཛིན་སླར་གསོ་བྱས་ཏེ། དམག་དོན་རིང་ལུགས་ཀྱི་མདོག་བསྟན་པ་དང་། གནས་ཚུལ་དེ་འདྲའི་འོག་ཨ་མེ་རི་ཁ་དང་འཇར་པན་གྱིས་སྣེ་ཁྲིད་བྱེད་པའི་དམག་དོན་སྦྱོང་བརྡར་དེ་རྒྱལ་དམངས་ཀྱི་སེམས་འདུན་དང་འགལ་ཡོད། ཧན་གོའི་རྒྱལ་སྲུང་པུའུ་ཡིས་དོན་དེར་བསྟན་དོན། གལ་ཏེ་ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཆབ་སྲིད་གནད་དོན་གྱི་དབང་གིས་མཚམས་ཆད་ན། ཕྱིན་ཆད་ཕྱོགས་སོ་སོས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བར་དཀའ་ཁག་ཆེན་པོ་ཡོད་ཟེར།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྔོན་ཨ་མེ་རི་ཁ་དང་འཇར་པན་གྱིས་སྤེལ་བར་ཐག་བཅད་པའི་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་དེ་ཧན་གོ་རྒྱལ་ཁབ་བྱ་འགུལ་དེར་ཞུགས་པ་ལས་ཡོངས་བསྒྲགས་མིན་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་དུ་བསྒྱུར་བ་དང་། ཨ་མེ་རི་ཁའི་ནེ་མུས་ཚི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཐད་ཀར་དམག་དོན་སྦྱོང་བརྡར་ནང་ཞུགས་མེད་པར་ཉེ་འགྲམ་གྱི་མཚོ་ཁོངས་སུ་བཀའ་ལ་སྒུག་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག