མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རུ་ཝང་ཏཱ་ནས་ཐོག་ཁང་རྡིབས་པའི་དོན་རྐྱེན་བྱུང་སྟེ་མི6རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-16 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རུ་ཝང་ཏཱའི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡིས་སྤྱི་ཟླ5བའི་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། རུ་ཝང་ཏཱའི་ཤར་ཕྱོགས་ཞིང་ཆེན་ནས་ཚེས14ཡི་ཉིན་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། མི6རྐྱེན་ལམ་དུ་ཤོར་བ་དང་མི30ལ་རྨས་ཕོག་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཐོག་ཁང་རྡིབས་པ་ལས་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་པའི་བཟོ་བ6རྐྱེན་ལམ་དུ་ཤོར་བ་དང་། རྒུད་སྐྱོབ་ལས་འགན་ཡོངས་འགྲུབ་བྱས་ཏེ་ཡུལ་དངོས་ལ་གཙང་ཕྱགས་བྱས་ཟེར།

རུ་ཝང་ཏཱའི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་མགྲིན་ཚབ་པ་པའོ་ཏི་ཅི་ཡིས་མཚམས་སྦྱོར་བྱས་དོན། དོན་རྐྱེན་དེ་ལས་མི30ལ་རྨས་ཕོག་པ་དང་། དེའི་ནང་མི12ཀྱི་རྨས་སྐྱོན་ཡང་བས་སྨན་ཁང་ལས་ཕྱིར་བུད་པ་དང་། མི18ལ་ད་རུང་སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་རྨས་སྐྱོན་ཚབས་ཆེ་བའི་མི3རྒྱལ་ས་ཅི་ཅཱ་ལེ་ཡི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

པའོ་ཏི་ཅི་ཡིས་བཤད་རྒྱུར། རུ་ཝང་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཐོག་ཁང་རྡིབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་དེའི་འགན་ཁུར་བ་ཁྲིམས་ལ་སྦྱོར་རྒྱུ་ཁས་ལེན་བྱས་ཡོད་ཟེར།

རུ་ཝང་ཏཱའི་ཤར་ཕྱོགས་ཞིང་ཆེན་གྱི་འཛུགས་སྐྲུན་བྱེད་བཞིན་པའི་བརྩེགས་རིམ་བཞི་ཅན་གྱི་ཐོག་ཁང་ཞིག་ཚེས14ཡི་ཉིན་རྡིབས་པ་དང་། རུ་ཝང་ཏཱའི་ཡུལ་གྱར་བ་དང་གནོད་སྐྱོབ་ལས་དོན་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན་མི100ཙམ་ཞིག་རོའི་འོག་ཏུ་མནན་ཡོད་པར་བཤད་ཀྱང་། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས་ཉེན་རྟོག་ཕྱོགས་ཀྱིས་ཞིག་རོའི་འོག་ཏུ་མནན་པའི་མི་གྲངས36ཏུ་ཇེ་ཉུང་ལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག