མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་འདེམ་བསྐོ་ཉིན་མོར་འགས་གཏོར་བཅུ་ལྷག་བྱུང་ནས་མི་བརྒྱ་ཙམ་ལ་ཤི་རྨས་བཟོས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:47

    ས་དེའི་ཟླ5བའི་ཚེས11ཉིན། ཕ་ཁི་སི་ཐན་གྱི་ཁ་ལ་ཆི་གྲོང་ཁྱེར་ནས་གྲོས་ཁང་གི་འདེམ་བསྐོར་དམིགས་པའི་འགས་གཏོར་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་རྨས། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་ནི་མི་རིགས་ཏང་གི་འདེམ་སྒུག་པ་ཞིག་རེད་ཟེར།

    ས་དེའི་ཟླ5བའི་ཚེས11ཉིན། ཕ་ཁི་སི་ཐན་གྱི་ཁ་ལ་ཆི་གྲོང་ཁྱེར་ནས་གྲོས་ཁང་གི་འདེམ་བསྐོར་དམིགས་པའི་འགས་གཏོར་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་རྨས། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་ནི་མི་རིགས་ཏང་གི་འདེམ་སྒུག་པ་ཞིག་རེད་ཟེར།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཁི་སི་ཐན་གྱིས་ཚེས11ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་བསྡུས། ཉིན་དེར་ཕ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁ་ལ་ཆི་དང་། བྱང་ཕྱོགས་ཀྱི་གྲོང་ཁྱེར་པའེ་ཧྲ་ཝ་སོགས་ས་ཆ་ནས་བསྟུད་མར་འགས་གཏོར་འཇབ་རྒོལ་དོན་རྐྱེ་བཅུ་ལྷག་བྱུང་ནས། མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག ཕ་ཁི་སི་ཐན་ཐ་ལེ་པན་རྩ་འཛུགས་ཀྱིས་ཁ་ལ་ཆི་ཡི་འགས་གཏོར་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས།

    ཕ་ཁི་སི་ཐན་གྱི་གསར་འགྱུར་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཁ་ལ་ཆི་གྲོང་ཁྱེར་དུ་ཡོད་པའི་མི་དམངས་མི་རིགས་ཏང་གི་གཞུང་སྒྲུབ་ཁང་གི་ཕྱི་རོལ་ནས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་འགས་གཏོར་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཟེར། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་གྱི་དམིགས་འབེན་ནི་ཏང་དེའི་འདེམ་སྒུག་པ་མཱ་སུའུ་ཏི་རེད་ཟེར། དོན་དག་འབྱུང་སྐབས་མཱ་སུའུ་ཏི་ད་དུང་རང་གི་རླངས་འཁོར་སྟེང་དུ་ཡོད་པས་སྐྱོན་མ་བྱུང་། འགས་གཏོར་ཁྲོད་ནས་ཉེ་འདབས་ཀྱི་ཁང་བ་མང་བོར་གཏོར་བརླགས་ཚབས་ཆེན་ཐེབས། ས་དེའི་སྨན་ཁང་གིས་བཤད་རྒྱུར། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་ལ་འགྲོ་སྲིད་ཟེར།

    གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་ཐ་ལེ་པན་རྩ་འཛུགས་ཀྱིས་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཁས་བླངས་ཟེར། རྩ་འཛུགས་དེའི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ནས། ང་ཚོས་ང་རྒྱལ་ཆེན་པོས་དོན་རྐྱེན་དེ་ང་ཚོས་བཟོས་པ་ཁས་བླངས་པ་ཡིན་ལ། ང་ཚོས་ད་དུང་མུ་མཐུད་དུ་འགས་གཏོར་འཇབ་རྒོལ་མང་བོ་སློང་རྒྱུ་ཡིན་ཞེས་བཤད།

    ཕ་ཁི་སི་ཐན་གྱི་སྐྱ་རེངས་གསར་འགྱུར་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་བྱང་ཕྱོགས་ཀྱི་གྲོང་ཁྱེར་པའེ་ཧྲ་ཝ་ནས་ཀྱང་ཚེས་བཅུ་གཅིག་ཉིན་བུད་མེད་འདེམ་དམངས་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཉིས་ལ་རྨས་ཕོག་ཟེར། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་དེ་ཆེད་དུ་བུད་མེད་འདེམ་དམངས་ལ་བཀོད་སྒྲིག་བྱས་པའི་འདེམ་ཤོག་འཕེན་ས་ཞིག་གིི་ཕྱི་རོལ་ནས་བྱུང་བ་དང་། འགད་རྫས་འཕྲུལ་རྟ་ཞིག་གི་སྟེང་དུ་བཞག་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག