མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱིས་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་དོགས་ཡོད་པ་གསུམ་འཛིན་བཟུང་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:47

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཚེས11ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་ལོ་དང་ཡ་ལེ་ཧྲན་ཏ་ཞིང་ཆེན་ནས་རང་སྲོག་གཅོད་པའི་ཚུལ་གྱི་འགས་གཏོར་འཇབ་རྒོལ་སློང་རྩིས་ཡོད་པའི་འཇིགས་སྐུལ་དོགས་ཡོད་པ་གསུམ་འཛིན་བཟུང་བྱས།

    ཨེ་ཅིབ་ཀྱི་ནང་སྲིད་པུའུ་ཀྲང་མུའུ་ཧན་མོ་ཏི•དབྱི་པུའུ་ལ་ཞིན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དོགས་པ་དེ་གསུམ་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། ཁོ་ཚོས་ཁའེ་ལོ་དང་ཡ་ལེ་ཧྲན་ཏ་ཞིང་ཆེན་གྱི་ལས་ཁུངས་དང་སྒྲིག་ཆས་གལ་ཆེན་ཁ་ཤས་འགས་གཏོར་གཏོང་རྩིས་ཡོད་ལ། དེའི་ནང་དུ་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་འདུ། ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོའི་ལུས་སྟེང་ནས་འགད་རྫས་ལས་སྤྱད་ཀྱི་རྒྱུ་ཆ་སྤྱི་རྒྱ་བཅུ་རྙེད་ཟེར།

    ཨེ་ཅིབ་ནང་སྲིད་པུའུ་ཡིས་བཤད་རྒྱུར། དོགས་ཡོད་པ་དེ་གསུམ་ནི་རྟེན་གཞི་རྩ་འཛུགས་ཀྱི་གཞི་རིམ་རྩ་འཛུགས་ལ་འབྲེལ་བ་ཡོད་པར་མ་ཟད། རྟེན་གཞི་རྩ་འཛུགས་འགོ་བ་ཁ་ཤས་བར་འབྲེལ་འདྲིས་ཡོད་ཡོད། དབྱི་པུའུ་ལ་ཞིན་གྱིས་དོགས་ཡོད་འཇིགས་སྐུལ་པ་དེ་དག་གིས་ཨེ་ཅིབ་བར་བརྒལ་དུས་སྐབས་སུ་གནས་པའི་སྐབས་འདིར་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་གཏོར་བརླག་བྱེད་རྩིས་རེད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག