མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ཀྱི་འགད་རྫས་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་བཞི་བཅུར་བུད་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་ས་ཏུའུ་ལཱ•ཨེར་ཅིན་གྱིས་ཚེས11ཉིན་བདེན་དཔང་བྱས་པ་ལྟར་ན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧ་ཐ་དབྱི་ཞིང་ཆེན་གྱི་སི་རི་ཡའི་མཐའ་མཚམས་དང་ཉེ་བའི་ལེ་དབྱི་ཧན་ལེ་གྲོང་ཁྱེར་ནས་ཉིན་དེར་འགད་རྫས་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་རྨས་མ་བརྒྱ་ལས་བརྒལ་ཟེར།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་ས་ཏུའུ་ལཱ•ཨེར་ཅིན་གྱིས་ཚེས11ཉིན་བདེན་དཔང་བྱས་པ་ལྟར་ན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧ་ཐ་དབྱི་ཞིང་ཆེན་གྱི་སི་རི་ཡའི་མཐའ་མཚམས་དང་ཉེ་བའི་ལེ་དབྱི་ཧན་ལེ་གྲོང་ཁྱེར་ནས་ཉིན་དེར་འགད་རྫས་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་རྨས་མ་བརྒྱ་ལས་བརྒལ་ཟེར།

    ཐུར་ཁེའི་ནང་སྲིད་པུའུ་ཀྲང་མུའུ་ཨ་མའེ་ཨར•ཅུའུ་ལའེ་ཨར་གྱིས་བཤད་རྒྱུར། རྨས་མ་མང་བོའི་རྨས་ཧ་ཅང་ལྗིད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་ལ་འགྲོ་སྲིད་ཟེར།

    ལེ་དབྱི་ཧན་ལེ་གྲོང་ཁྱེར་གྱི་འགོ་གཙོ་ཧི་སའེ་དབྱིན•ས་ཝོ་ཏེ་ཡིས་བཤད་རྒྱུར། འགས་གཏོར་བྱུང་ས་ནི་གྲོང་ཁྱེར་སྲིད་གཞུང་གི་ཐོག་ཁང་ཆེན་མོ་དང་སྦྲག་སྲིད་ཁང་གི་ཉེ་འདབས་སུ་ཡོད་ལ། ལེ་དབྱི་ཧན་ལེ་གྲོང་ཁྱེར་གྱི་སྲིད་གཞུང་ཐོག་ཁང་ཆེན་མོར་གཏོར་བརླགས་ཚབས་ཆེན་ཐེབས་ཟེར།

    ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཏ་ཝོ་ཐི་ཨོ་ལུའུ་ཡིས་ཉིན་དེའི་འགས་གཏོར་དོན་རྐྱེན་བརྙད་བརྐོའི་བྱ་སྤྱོད་ཅིག་ཡིན་ཟེར། ཁོས་ཐུར་ཁེའི་རྒྱལ་ནང་གི་ཞི་བདེ་ལ་གཏོར་བརླག་བྱེད་འདོད་པའི་སྟོབས་ཤུགས་ལ་ཁྲིམས་ཆད་ནན་མོ་གཅོད་ངེས་ཡིན་ཞེས་ཉེན་བརྡ་བཏང་།

    ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་འགས་གཏོར་བྱུང་ས་བཀག་སྡོམ་བྱས་པར་མ་ཟད་བྲེལ་མྱུར་བདེ་འཇགས་བྱེད་ཐབས་སྤྱད་ལ། ས་དེའི་སྡོད་དམངས་མང་བོ་སྐྲག་ནས་ས་གཞན་ལ་བྲོས།

    མིག་སྔར་འགས་གཏོར་གྱི་འབྱུང་རྐྱེན་ལ་ད་དུང་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྩ་འཛུགས་དང་མི་གཅིག་གིས་ཀྱང་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག