མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུ་ཅིང་གིས་དམག་གཟིགས་མཛད་སྒོའི་ཐོག་གསུང་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་སི་ཁོའི་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ5བའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། ཨུ་རུ་སུའི་མོ་སི་ཁོའི་ཐང་ཆེན་དམར་པོར་དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས། རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ68འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་དམག་གཟིགས་མཛད་སྒོར་ཞུགས་པ་མ་ཟད། གལ་ཆེའི་གསུང་བཤད་གནང་ཡོད་པ་རེད།

གསུང་བཤད་གནང་སྐབས། ཕུ་ཅིང་གིས་ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དོན་སྙིང་གསུངས་ཡོད་པ་དང་། ཁོང་གིས་དམག་འཁྲུག་ཁྲོད། མི་རྣམས་ལ་ཧྥ་ཤི་སེའི་རྒོལ་རྡུང་ཕོགས་ཡོད་པ་དང་། འཐབ་འཛིང་པ་ཚོས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོབ་བྱས་ཡོད། མི་མང་པོས་དམག་འཐབ་ནང་ཞུགས་ཡོད་པ་དང་། མི་ཁག་གཅིག་དམག་འཁྲུག་ཁྲོད་སྐུ་གཤེགས་ཡོད། ཁོང་ནས་སྐུ་གཤེགས་པའི་སྔོན་བྱོན་དང་མཉམ་དུ་དྲན་གསོའི་ཉིན་མོ་དེ་བསྐྱལ་ཐབས་མེད་པར་བློ་ཕམ་ཆེན་པོ་འདུག་ཅེས་གསུངས་ཡོད་པ་དང་།

དམག་མི་རྒན་གྲས་ཐད། ཕུ་ཅིང་གིས་ཁོང་རྣམ་པས་རང་ཉིད་ཀྱི་བདེ་འཇགས་ལ་མི་འཛེམ་པར། རང་སྲོག་བློས་གཏོང་བྱེད་པའི་སྙིང་སྟོབས་ནི། ཨུ་རུ་སུའི་སྙིང་སྟོབས་ཀྱི་སྙིང་བཅུད་ཡིན་ཞེས་བསྟན་པ་དང་། ཁོང་གིས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་མཚོན་ཆ་དགོས་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་ཁོང་རྣམ་པའི་སྙིང་སྟོབས་དང་དད་སེམས་ཡིན། དམག་མི་རྒན་གྲས་ཚོས་དམག་འཁྲུག་ནང་རྒྱུན་ལྡན་གྱི་མིས་ཐེག་ཐབས་བྲལ་བའི་སྡུག་བསྔལ་མྱངས་ཡོད་ལ། འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ཨུ་རུ་སུའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག