མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་བྱུང་ནས་ཉིན17འགོར་རྗེས་བུད་མེད1སྲོག་ཉེན་ལས་ཐར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:21

  སྤྱི་ཟླ5བའི་ཚེས10ཉིན་གྱི་ཕྱི་དྲོར། བྷང་ག་ལཱའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་བྱུང་རྗེས། བུད་མེད་ཅིག་ཞིག་རོའི་འོག་ཏུ་མནན་ནས་དུས་ཚོད་བཞི་བརྒྱ་འགོར་རྗེས་སྲོག་ཉེན་ལས་བསྐྱབས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་བྱུང་ནས་ཉིན17འགོར་རྗེས། རྒུད་སྐྱོབ་མི་སྣས་ཞིག་རོའི་ཁྲོད་སྲོག་སྐྱོབ་ཀྱི་འབོད་སྒྲ་ཐོས་བྱུང་། བུད་མེད་ཅིག་ཞིག་རོའི་འོག་ཏུ་མནན་ནས་དུས་ཚོད་བཞི་བརྒྱ་ཙམ་འགོར་རྗེས་སྤྱི་ཟླ5བའི་ཚེས10ཉིན་སྲོག་ཉེན་ལས་ཐར།

  སྤྱི་ཟླ10བའི་ཚེས24ཡི་ཉིན་གྱི་སྔ་དྲོའི་དུས་ཚོད9ཡས་མས་སུ། བྷང་ག་ལཱའི་རྒྱལ་ས་ཏཱ་ཁཱའི་ཉེ་འདབས་ཀྱི་གྱོན་ཆས་བཟོ་གྲྭ་འགའ་ཡོད་པའི་བརྩེགས་རིམ8ཅན་གྱི་ཐོག་ཁང་ཞིག་བརྡིབས་པ་དང་། ད་ལྟ་བའི་བར་མི1000ལྷག་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག