མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨ་མེ་རི་ཁས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་སྲིད་གཞུང་དང་ཁེ་ལས་ཀྱི་དྲ་རྒྱའི་བཙན་འཛུལ་གནོད་སྐྱེལ་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཨ་མེ་རི་ཁའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཟླ5བའི་ཚེས10ཉིན་ཏུང་ཅིན་ནས་དྲ་རྒྱའི་བར་སྟོང་ལ་དམིགས་པའི་ཕྱོགས་བསྡུས་རང་བཞིན་གྱི་གྲོས་མོལ་ཐོག་མ་སྤེལ་བར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བརྡ་འཕྲིན་བརྗེ་རེས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱི་རྩིས་འཁོར་ལ་བཙན་འཛུལ་བྱས་ཏེ་མ་ལག་ལ་ཆག་སྐྱོན་འབྱུང་དུ་འཇུག་པའི་དྲ་རྒྱའི་གནོད་སྐྱེལ་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་གསལ་སྒྲོག་ནང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་དྲ་རྒྱའི་བར་སྟོང་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། དྲ་རྒྱའི་འཇིགས་ཉེན་བརྡ་འཕྲིན་བརྗེ་རེས་བྱེད་པ་དང་། རྒྱལ་སྤྱིའི་དྲ་རྒྱའི་སྲིད་ཇུས་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་གྱི་དྲ་རྒྱའི་འཐབ་ཇུས་གཤིབ་བསྡུར་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འཇར་པན་དང་ཨ་མེ་རི་ཁ་མནའ་མཐུན་གྱི་འབྲེལ་བ་ཇེ་ཟབ་དུ་གཏོང་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་ད་རུང་སྲིད་གཞུང་དང་དམངས་ཁྲོད་ཀྱི་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར།

འཇར་པན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་དང་རྒྱལ་ཁོངས་བདེ་འཇགས། ཁྲིམས་འཛིན། རྒྱལ་སྲུང་སོགས་སྡེ་ཁག་མང་བོའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག