མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཁི་ཨར་གྱིས་གློ་བུར་དུ་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:21

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས10ཉིན། ཨ་ཧྥུའུ་ཧན་གྱི་ཁོན་ཏུའུ་ཧྲི་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཨ་ཧྥུའུ་ཧན་དུ་སྡོད་པའི་འཇར་མན་དམག་དཔུང་ལ་ལྟ་སྐོར་བྱས་པ་དང་། ཁོ་མོའི་ལུས་ལ་མདའ་འགོག་ལཱ་བ་གྱོན་ཡོད། ཉིན་དེར་མའོ་ཁི་ཨར་དང་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཏི་མེད་ཆི་ཨེ་གཉིས་ཀྱིས་ཨ་ཧྥུའུ་ཧན་དུ་སྡོད་པའི་འཇར་མན་དམག་དཔུང་ལ་འཚམས་འདྲི་བྱས། དམིགས་ཡུལ་ནི་དམག་དཔུང་གི་བློ་སྤོབས་བསྐྱེད་དེ་ལས་འགན་མཐའ་འཁྱོལ་བྱེད་པར་འབོད་སྐུལ་གཏོང་བའི་ཆེད་དུ་ཡིན། དེ་ནི་མའོ་ཁི་ཨར་གྱིས་ཙུང་ལིའི་འགན་ཁུར་བའི་ཚུན་ལ་ཐེངས་ལྔ་བར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག