མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་གྲོས་ཚོགས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་གྲོས་ཚོགས་སྐབས་ཉེར་གསུམ་པ་སྤྱི་ཟླ5བའི་ཚེས10ཉིན་ཁའེ་ཕུའུ་ཏོན་ནས་གྲོལ། གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། གང་ནུས་ཀྱིས་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ལས་ཐར་བར་བྱས་ཏེ། ཧུར་ཐག་གིས་ཨ་ཧྥེ་རི་ཁ་གླིང་གི་བསྐྱར་དར་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨ་ཧྥེ་རི་ཁ་གླིང་གི་དམ་བཅའ་ལག་བསྟར་བྱེད་དགོས་ཞེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཤུགས་ཆེན་པོས་ཨ་ཧྥེ་རི་ཁ་གླིང་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆེད་དུ་རེད།

འཐུས་མི་མང་བོས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། འདས་པའི་ལོ་ངོ10ཡི་ནང་། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། འཕར་ཚད5%དང6%ལ་བསླེབ་ཡོད། ཨ་མེ་རི་ཁ་དང་ཡོ་རོབ་གླིང་། འཛམ་གླིང་གི་ས་ཁུལ་མི་ཉུང་བ་ཞིག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ་འོག ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་འདི་འདྲའི་དཔལ་འབྱོར་འཕར་སྣོན་གྱི་གྲུབ་འབྲས་བླངས་པ་ནི་དོན་དམ་དུ་སླ་མོ་ཞིག་མ་ཡིན་ཟེར། ཡང་འཐུས་མི་ལ་ལས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ་དང་འགྲན་རྩོད་ནུས་པ་ཞན་པ། ཉོ་ཚོང་གི་གཞི་རྒྱ་ཆུང་བ། ཚན་རྩལ་ཆུ་ཚད་དམའ་བ། འཕེལ་རྒྱས་མ་དངུལ་དཀོན་པ། རྒྱལ་ཁབ་རེ་འགར་འཐབ་འཁྲུག་རྒྱུན་དུ་འབྱུང་བ་སོགས་འགྲན་རྩོད་མང་བོ་གནས་ཡོད་ཟེར། ད་ལྟའི་གནས་བབ་དེ་བཅོས་བསྒྱུར་བྱེད་པའི་ཐད་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚས་ལང་ལོང་གིས་བློ་འདོན་ཇུས་འབུལ་བྱས། ཨ་ཧྥེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གིས་བཏོན་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་ཀྲུང་དབྱང་དངུལ་ཁང་གི་གསོག་དངུལ་ཁག་ཅིག་ཨ་ཧྥེ་རི་ཁ་གླིང་ལ་གཏོང་བར་འགན་སྲུང་བྱེད་པའི་ལས་ཁུངས་ཤིག་འཛུགས་དགོས་པར་བརྗོད་པའི་འདོད་བློ་དེར་ཚོགས་ཞུགས་འཐུས་མི་ཚང་མའི་དགའ་བསུ་ཐོབ།

རྒྱལ་ཁབ70ལྷག་གི་སྲིད་གཞུང་དང་ཁེ་ལས་ལས་རིགས། རིགས་གཞུང་ལས་རིགས་བཅས་ཀྱི་འཐུས་མི860ལྷག་ཐེངས་འདིའི་ཚོགས་ཡུན་ཉིན3ཡིན་པའི་གྲོས་ཚོགས་ལ་ཞུགས་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་མགོ་གཙོ12ཡོད། དེ་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཨ་ཧྥེ་རི་ཁ་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་གྲོས་ཚོགས་ཤིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག