མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱ་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ5བའི་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཨ་མེ་རི་ཁས་སི་རི་ཡཱའི་ཉམས་ཉེན་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། ཨ་མེ་རི་ཁ་དང་དེའི་མནའ་མཐུན་དག་གིས་ངོ་རྒོལ་ཕྱོགས་ཁག་ལ་རོགས་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ནང་བཤད་རྒྱུར། སི་རི་ཡཱ་ཡིས་ཨུ་རུ་སིའི་ལངས་ཕྱོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་ཞིང་། ཁྱད་པར་དུ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་། རྒྱལ་ཁབ་གང་རུང་གི་མངའ་ཁོངས་དང་ཆབ་སྲིད་ལ་དམིགས་ཏེ་དྲག་ཤུགས་མི་སྤྱོད་པའི་རྩ་དོན་དེར་ཡིད་ཆེས་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་དེ་ལས་ད་རུང་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་རང་གི་མནའ་མཐུན་གཞན་དག་དང་མཉམ་དུ་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བར་འབད་བརྩོན་བྱས་ཏེ་ཆབ་སྲིད་གྲོས་མོལ་ལ་རྨང་གཞི་འདིང་ཐུབ་མིན་དེ་ཨ་མེ་རི་ཁས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་བསམ་པ་རྣམ་དག་ཡིན་མིན་ལ་རག་ལས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག