མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ནོར་སྲིད་དང་དཔལ་འབྱོར་ཡུན་རིང་གོང་འཕེལ་ལ་དོ་སྣང་བྱ་རྒྱུའི་ནན་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ནོར་སྲིད་པུའུ་ཀྲང་ཡ་ག་པུ་ལུས་སྤྱི་ཟླ5བའི་ཚེས8ཉིན། ཨ་རིས་ནོར་སྲིད་བརྟན་དུ་གཏོང་བ་དང་དཔལ་འབྱོར་ཡུན་རིང་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་བསམ་གཞིགས་བྱེད་དགོས་ཀྱི་ཡོད་པ་དང་། དེ་གཉིས་ཀྱི་འབྲེལ་བ་ནི་ཁ་གཏད་ཀྱི་གདམ་གའི་འབྲེལ་བ་མིན་པས། ཨ་རིས་འགག་རྩའི་ཁྱབ་ཁོངས་ནང་མ་འཇོག་བྱེད་ཤུགས་ཆེར་གཏོང་བ་མ་ཟད། ཕན་བདེའི་རྣམ་གྲངས་སྒྱུར་བཅོས་སོགས་བྱ་ཐབས་བརྒྱུད་ནོར་སྲིད་ཚལ་ཡིག་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

ཡ་ག་པུ་ལུས་དཔལ་འབྱོར་སླར་གསོ་ཡོང་བའི་གནས་བབ་འགན་ལེན་བྱེད་པ་དང་དུས་མཚུངས། ད་དུང་དོ་སྙོམས་ཀྱི་བྱ་ཐབས་བཟུང་ནས་ནོར་སྲིད་ཚལ་ཡིག་རིམ་བཞིན་དམའ་རུ་བཏང་སྟེ་རྒྱུན་མཐུད་ཀྱི་ཆུ་ཚད་ཐོག་སླེབས་པ་བྱེད་དགོས་པ་དང་། བྱ་ཐབས་དེ་དག་ཁྲོད་ཕན་བདེའི་རྣམ་གྲངས་སྒྱུར་བཅོས་དང་། དགོས་ངེས་ཀྱི་སྲིད་གཞུང་གི་གཏོང་སྒོ་གྲོན་ཆུང་། དཔྱ་ཁྲལ་སྒྱུར་བཅོས་ལ་བརྟེན་ནས་ནོར་སྲིད་ཡོང་འབབ་མཐོ་རུ་གཏོང་བ་སོགས་ཚུད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག