མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་འཇར་མན་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་སྤྱི་ཟླ5བའི་ཚེས9ཉིན་བསྟན་དོན། སྟོབས་དང་ལྡན་ཞིང་འདྲ་མཉམ་གྱི་ཧྥ་རན་སི་དང་འཇར་མན་གྱི་གྲོགས་པོའི་འབྲེལ་བ་མེད་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་ཐབས་མེད། ད་ལྟ་ཧྥ་རན་སི་དང་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱུ་ནོར་གྱི་ཕྱེད་ཀའི་ཡན་ཟིན་ཡོད་པ་དང་། ཧྥ་རན་སི་དང་འཇར་མན་གྱིས་མཉམ་ལས་བྱས་ན་ད་གཟོད་མིག་སྔའི་དཀའ་ཁག་གི་གནས་ལས་ཐར་ཐུབ་པར་མ་ཟད། དཔལ་འབྱོར་འཕར་སྣོན་དང་ནུས་ཁུངས། རྒྱལ་སྲུང་། ཚན་རིག་ཞིབ་འཇུག དངུལ་གཏོང་སོགས་ཀྱི་ཐད་ནས་གྲུབ་འབྲས་ལེན་ཐུབ་ཟེར།

ཧྥ་པུས་ཡུག་སི་ཡིས་བཤད་རྒྱུར། ཧྥ་རན་སིའི་སྲིད་འཛིན་ཏང་སྤྱི་ཚོགས་ཏང་གིས་ཉེ་སྔོན་ཡོ་རོབ་གླིང་ལ་འབྲེལ་བའི་ཡིག་ཆའི་འཆར་ཟིན་ཞིག་གི་མ་ཡིག་ནང་འཇར་མན་གྱི་ཙུང་ཐུང་མའོ་ཁི་ཨར་གྱིས་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་ཐད་རང་ཁོ་ན་ལས་མི་བསམ་པའི་འོས་མིན་གྱི་རྣམ་འགྱུར་བསྟན་པར་སྐྱོན་འཛུགས་བྱས་པ་ནི་འོས་འཚམ་མིན། ཧྥ་རན་སིའི་དཔལ་འབྱོར་ལ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མེད་ཅིང་དཀའ་ཁག་གཞན་པར་འཕྲད་པ་ནི་འཇར་མན་གྱིས་བཟོས་པ་མ་ཡིན་ལ། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་དགོས་ཟེར།

ཧྥ་པུས་ཡུག་སི་ཡིས་བལྟས་ན། ཧྥ་རན་སི་ཡིས་ཁེར་རྐྱང་གི་བགྲོད་ལམ་གདམ་མི་རུང་ཡང་། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཉམས་རྒུད་དུ་སོང་ན་འཇར་མན་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་འདོད། ཁོས་བལྟས་ན་ཡོ་རོབ་གླིང་འཛམ་གླིང་ཡོངས་ཀྱི་ལྟེ་བ་ཡིན་པའི་དུས་རབས་འདས་ཟིན་པ་དང་། དེང་སྐབས་ཀྱི་འཛམ་གླིང་གི་ཐོན་སྐྱེད་བྱེད་སྟངས་དང་། འཕྲིན་གཏོང་ཡོ་བྱད། ཚོད་འཛིན་སྙོམས་སྒྲིག་རྣམ་པ། རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ཧྥ་རན་སི་དང་ཡོ་རོབ་གླིང་ངེས་པར་དུ་འགྱུར་ལྡོག་དེ་རིགས་ལ་འཚམ་པོར་ཡོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག